- stong thang /
- ID:
- T78971
- སྟོང་ཐང (Tibetan, Tibetan script, Original)
- > stong thang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > tongtang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[1108] སྟོང་གི་རིན་ཚད། གནའ་དུས་བོད་ཀྱི་ཁྲིམས་ལུགས་སུ་མི་རབ་འབྲིང་སོགས་རིམ་པ་དགུ་རུ་ཕྱེ་བ་སྟེ། དམག་དཔོན་ཆེན་པོ་རྣམས་རབ་ཀྱི་རབ་དང། བྲན་གཡོག་སུམ་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆེན་གྱི་མཁན་པོ་རྣམས་རབ་ཀྱི་འབྲིང་དང། བྲན་གཡོག་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆུང་གི་མཁན་པོ་རྣམས་རབ་ཀྱི་ཐ་མ་དང། དཔོན་རིགས་དཀྱུས་མ་དང་དགོན་གཉེར་རྣམས་འབྲིང་གི་རབ་དང། དམག་དཔོན་འབྲིང་བ་དང་གྲྭ་པ་ཕལ་པ་རྣམས་འབྲིང་གི་འབྲིང་དང། རབ་ཏུ་བྱུང་བའི་མངའ་བདག་རྣམས་འབྲིང་གི་ཐ་མ་དང། མི་སེར་ཕལ་པ་དང་གཞུང་གཡོག་རྣམས་ཐ་མའི་རབ་དང། གཞིས་ཆགས་པའི་མགར་བ་དང། བཤན་པ། སྦྲང་པོ་རྣམས་ཐ་མའི་འབྲིང་དང། གཞི་གནས་མེད་པའི་མགར་བ་དང་བཤན་པ་རྣམས་ཐ་མའི་ཐ་མ་བཅས་སོ། རིམ་པ་དེ་དག་ལ་གཞིགས་ནས་གཤིན་པོའི་སྟོང་ཐང་ཐག་གཅོད་བྱེད་ཅིང། གསེར་སྲང་ཆིག་སྟོང་ནས་བཅོ་ལྔའི་བར་གང་ལ་ཅི་འོས་སུ་འཇལ་དགོས་སོ། ...
- language:
- English
3. Thupten Phuntsok Dictionary
སྟོང་གི་རིན་ཚད། གནའ་དུས་བོད་ཀྱི་ཁྲིམས་ལུགས་སུ་མི་རབ་འབྲིང་སོགས་རིམ་པ་དགུ་རུ་ཕྱེ་བ་སྟེ། དམག་དཔོན་ཆེན་པོ་རྣམས་རབ་ཀྱི་རབ་དང་། བྲན་གཡོག་སུམ་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆེན་གྱི་མཁན་པོ་རྣམས་རབ་ཀྱི་འབྲིང་དང་། བྲན་གཡོག་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆུང་གི་མཁན་པོ་རྣམས་རབ་ཀྱི་ཐ་མ་དང་། དཔོན་རིགས་དཀྱུས་མ་དང་དགོན་གཉེར་རྣམས་འབྲིང་གི་རབ་དང་། དམག་དཔོན་འབྲིང་བ་དང་གྲྭ་པ་ཕལ་པ་རྣམས་འབྲིང་གི་འབྲིང་དང་། རབ་ཏུ་བྱུང་བའི་མངའ་བདག་རྣམས་འབྲིང་གི་ཐ་མ་དང་། མི་སེར་ཕལ་པ་དང་གཞུང་གཡོག་རྣམས་ཐ་མའི་རབ་དང་། གཞིས་ཆགས་པའི་མགར་བ་དང་། བཤན་པ། སྤྲང་པོ་རྣམས་ཐ་མའི་འབྲིང་དང་། གཞི་གནས་མེད་པའི་མགར་བ་དང་བཤན་པ་རྣམས་ཐ་མའི་ཐ་མ་བཅས་སོ། རིམ་པ་དེ་དག་ལ་གཞིགས་ནས་གཤིན་པོའི་སྟོང་ཐང་ཐག་གཅོད་བྱེད་ཅིང་། གསེར་སྲང་ཆིག་སྟོང་ནས་བཅོ་ལྔའི་བར་གང་ལ་ཅི་འོས་སུ་འཇལ་དགོས་སོ།
- language:
- Tibetan
4. smon lam tshig mdzod chen mo
སྟོང་གི་རིན་ཚད། གནའ་དུས་བོད་ཀྱི་ཁྲིམས་ལུགས་སུ་མི་རབ་འབྲིང་སོགས་རིམ་པ་དགུ་རུ་ཕྱེ་བ་སྟེ། དམག་དཔོན་ཆེན་པོ་རྣམས་རབ་ཀྱི་རབ་དང༌། བྲན་གཡོག་སུམ་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆེན་གྱི་མཁན་པོ་རྣམས་རབ་ཀྱི་འབྲིང་དང༌། བྲན་གཡོག་བརྒྱ་ཡན་ཆད་ཡོད་པའི་མངའ་བདག་དང་དགོན་ཆུང་གི་མཁན་པོ་རྣམས་རབ་ཀྱི་ཐ་མ་དང༌། དཔོན་རིགས་དཀྱུས་མ་དང་དགོན་གཉེར་རྣམས་འབྲིང་གི་རབ་དང༌། དམག་དཔོན་འབྲིང་བ་དང་གྲྭ་པ་ཕལ་པ་རྣམས་འབྲིང་གི་འབྲིང་དང༌། རབ་ཏུ་བྱུང་བའི་མངའ་བདག་རྣམས་འབྲིང་གི་ཐ་མ་དང༌། མི་སེར་ཕལ་པ་དང་གཞུང་གཡོག་རྣམས་ཐ་མའི་རབ་དང༌། གཞིས་ཆགས་པའི་མགར་བ་དང༌། བཤན་པ། སྦྲང་པོ་རྣམས་ཐ་མའི་འབྲིང་དང༌། གཞི་གནས་མེད་པའི་མགར་བ་དང་བཤན་པ་རྣམས་ཐ་མའི་ཐ་མ་བཅས་སོ། རིམ་པ་དེ་དག་ལ་གཞིགས་ནས་གཤིན་པོའི་སྟོང་ཐང་ཐག་གཅོད་བྱེད་ཅིང༌། གསེར་སྲང་ཆིག་སྟོང་ནས་བཅོ་ལྔའི་བར་གང་ལ་ཅི་འོས་སུ་འཇལ་དགོས་སོ།
- language:
- Tibetan