- stongs tshad/
- ID:
- T79246
- སྟོངས་ཚད (Tibetan, Tibetan script, Original)
- > stongs tshad/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tongtsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
tshad gzhug etc. su 'byung ba'i rlung and bsdong ba'i tshad [compose prepare measure?]
- language:
- English
3. bod rgya tshig mdzod chen mo
[1113] ཚད་གཞུག་སོགས་སུ་འབྱུང་བའི་རླུང་དང་བསྡོང་བའི་ཚད་པའི་མིང། ...
- language:
- English
4. Thupten Phuntsok Dictionary
སྟོངས་ཚད་ཅེས་པ་རླུང་དང་ཚ་བ་འཐབ་ནས་ཚད་པ་འཕེལ་བའི་ནད་དེ། དེའི་རྒྱུ་རྐྱེན་ལ། རྐྱེན་རང་བཞིན་གྱིས་སྟོངས་པ་དང་། རྐྱེན་གྱི་སྟོངས་པ། གནས་ཀྱི་སྟོངས་པ་བཅས་གསུམ་ལས། (1) རང་བཞིན་གྱིས་སྟོངས་པ་ནི། རླུང་རིམས་དང་། སྟོངས་འཁྲུགས་ཞེས་མིང་གཉིས་ཡོད་པ་དེ་ནི། ཚ་བའི་ནད་པ་གང་ཞིག ཡུལ་ངད་ཅན་གྲང་བ་དང་། དུས་དབྱར་དགུན་དང་། རང་བཞིན་རླུང་གི་མི། ན་སོ་རྒན་པོ། ནད་ཁམས་རླུང་ནད་ཤས་ཆེ་བ། ནད་ཕོག་སའི་གནས་དཔྱི་རྐེད་ཡིན་པ་བཅས་ཀྱི་ནད་པ་དེ་ལ། རླུང་གི་རྐྱེན་དང་འདོམ་པས། རླུང་རང་གནས་ཀྱི་ཚ་བ་དེ་རླུང་གིས་འབུད་པ་ལ་ཚ་བ་རླུང་ཞོན་ཀྱང་ཟེར། (2) རྐྱེན་གྱིས་སྟོངས་པ་ནི། རླུང་ཤས་ཆེ་བའི་མི་ལ་ཚ་བའི་ནད་བྱུང་བའི་སྐབས་སུ་བསིལ་སྨན་རྩུབ་མོའི་རིགས་བཏང་དྲགས་པ་དང་། གཏར་ག་དང་། བཤལ། རྔུལ་དབྱུང་བ། ཁ་ཟས་ཡེན་ལ་གཏད་པ་སོགས་ཀྱིས་ཚ་བའི་གཉའ་ཆོག་ནས་སླར་རླུང་སྐྱེད་པས་ཚད་གཞུག་འབུད་པར་བྱེད་དོ། ། (3) གནས་ཀྱིས་སྟོངས་པ་ནི། ཚ་བའི་ནད་གང་ཞིག སྲོག་རྩ་རླུང་གི་འབུད་དོ། དེ་ལྟར་རྐྱེན་གསུམ་པོ་དེས་རླུང་ཚད་འཐབ་པའི་ནད་དུ་འགྱུར་ཏེ། རླུང་གིས་ཚ་བ་བུས་ཏེ་ཚད་པའི་ནད་རྟགས་འཕེལ་ལོ། རླུང་གི་ངོ་བོ་གྲང་བ་ཡིན་པས་ཚད་རྟགས་ཇི་ལྟར་འཕེལ་ཞེ་ན། དཔེར་ན། མགར་ཐབ་དུ་སྦུད་པ་བུས་པ་བཞིན་དུ། སྦུད་པ་གྲང་ཡང་མེའི་ཚ་ཤུགས་འཕེལ་བའི་གྲོགས་སུ་འགྱུར་བ་བཞིན་ནོ། །དེས་ན་རླུང་འཕེལ་བའི་བསིལ་སྦྱོར་དེ་ཉིད་མ་བཅད་ན་ཚ་བ་ཆེས་ཆེར་འཕེལ་བར་བྱེད་པས་དེ་ལ་སྟོངས་ཚད་ཅེས་ཟེར་རོ། །
- language:
- Tibetan
5. smon lam tshig mdzod chen mo
ཚད་གཞུག་སོགས་སུ་འབྱུང་བའི་རླུང་དང་བསྡོང་བའི་ཚད་པའི་མིང༌།
- language:
- Tibetan