Skip to main content Skip to search
stod kyi stong sde drug cu re gcig
ID:
T79256
  • སྟོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག (Tibetan, Tibetan script, Original)
    • > stod kyi stong sde drug cu re gcig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tökyi tongdé drukchu rechik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

CHN

language:
English

2. Thupten Phuntsok Dictionary

སྡེ་སྡེ་མཚམས་གཉིས། ཅོམ་པ་འབྲེ་མཚམས་གཉིས། ཕྱུགས་མཚམས་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས། སྤེལ་རབ་སྟོང་བུ་ཆུང་སྐུ་སྲུང་ཤར་ཕྱོགས་པ་དང་བཅུ་ནི་དབུ་རུའི་སྡེ་བཅུ། ཡང་ལུང་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་པོ་ཉག་ཉི་གཉིས། དམྱལ་དང་ལྷོ་བྲག་གཉིས། ལོ་རོ་སྟོང་བུ་ཆུང་སྐུ་སྲུང་བྱང་ཕྱོགས་པ་རྣམས་གཡོ་རུའི་སྟོང་སྡེ་བཅུ། སྟོང་ཆེན་ཤངས་ཆེན་གཉིས། ལ་མི་ཕོད་དཀར་གཉིས། ཉེན་གང་འབྲང་མཚམས་གཉིས། སྦོ་རབ་གཟོང་སྡེ་གཉིས། ཤངས་སྟོང་བུ་ཆུང་སྐུ་སྲུང་ནུབ་ཕྱོགས་པ་རྣམས་གཡས་རུའི་སྟོང་སྡེ་བཅུ། མང་ཀར་ཁྲི་ཕོམ་གཉིས། ཁང་སར་གང་སྲམ་གཉིས། མཚོ་ངོས་སྟོང་བུ་ཆུང་སྐུ་སྲུང་ལྷོ་ཕྱོགས་པ་སྟེ་རུ་ལག་གི་སྟོང་སྡེ་ལྔ། (བོད་དང་སུམ་པའི་མཚམས་ན) གུ་གེ་ཅོག་པ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དེ་སྟོང་བུ་ཆུང་སྡེ་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་སྟེ་ཞང་ཞུང་གི་སྟོང་སྡེ་བཅུ། རྩེ་མཐོན་ཕོ་འཐོན་སྨད་གཉིས། རྒོད་ཚང་རྒོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ དེ་རྣམས་ལ་རྒོད་ཀྱི་སྟོང་སྡེ་ཟེར་དོན་ནི་འབངས་རབ་ཚན་དམག་གི་ལས་བྱེད་པའི་མིང་ཡིན་པའོ། །

language:
Tibetan