Skip to main content Skip to search
thag mchong /
ID:
T81159
  • ཐག་མཆོང (Tibetan, Tibetan script, Original)
    • > thag mchong / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tamchong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

rope jumping/ skipping

language:
English

2. bod rgya tshig mdzod chen mo

[1137] ཐག་པའི་སྟེང་ནས་མཆོང་རྒྱག་པའི་རྩེད་མོ། ... ཐག་མཆོང་རྒྱག་པའི་རྩེད་མོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

དེ་སྔ་དབུས་གཙང་རྒྱུད་དུ་བོད་རིགས་བུད་མེད་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་དགའ་པོ་བྱེད་པའི་ལུས་རྩལ་གྱི་གྲས་ཤིག་ཡིན། ལྷ་ས་ཁུལ་དུ་ཡང་ལོ་གསར་དང་དེ་མིན་དགའ་འཛོམས་བྱེད་སྐབས་བུད་མེད་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཐག་མཆོང་རྒྱག་པ་གང་སར་མཐོང་རྒྱུ་ཡོད། ཐག་མཆོང་རྒྱག་སྟངས་ནི་རིང་ཚད་སྤྱི་ཁྲེ་འགའ་ཤས་ཡོད་པའི་ཐག་པ་གང་རུང་གི་སྣེ་མོ་རེ་ནས་མི་རེས་བཟུང་ཏེ་མཉམ་དུ་སྐོར་གཡུགས་བྱེད་པའི་དབུས་སུ་མི་གཉིས་མཉམ་དུ་མཆོང་པའམ། ཡང་ན་མི་གཅིག་གིས་མཆོང་གི་ཡོད། ཐག་མཆོང་རྒྱག་པའི་སྐབས་སྐོར་བ་གཡས་སྐོར་གཡོན་སྐོར་དང་། རྐང་པའི་འདེགས་འཇོག་བྱེད་སྟངས། མཆོང་གྲངས་མང་ཉུང་བཅས་འགྲན་པ་དང་། ད་དུང་མི་གཅིག་རང་སོ་སོས་ཐག་པ་གཡུགས་ཏེ་མཆོང་རྩལ་དང་མཆོང་གྲངས་མང་ཉུང་འགྲན་གྱི་ཡོད། ཐག་མཆོང་རྒྱག་སྐབས་གྲངས་ཀ་དང་དེ་མིན་ཚིག་ཡོད་པའི་མཆོང་གཞས་སྙན་འཇེབས་ལྡན་པ་ཡང་གཏོང་རྒྱུ་ཡོད།

language:
Tibetan

4. Thupten Phuntsok Dictionary

ཐག་པའི་སྟེང་ནས་མཆོང་རྒྱག་པའི་རྩེད་མོ། ཐག་མཆོང་རྒྱག་པའི་རྩེད་མོ།

language:
Tibetan

5. smon lam tshig mdzod chen mo

ཐག་པའི་སྟེང་ནས་མཆོང་རྒྱག་པའི་རྩེད་མོ།

language:
Tibetan