Skip to main content Skip to search
thang zan tsang /
ID:
T81467
  • ཐང་ཟན་ཙང (Tibetan, Tibetan script, Original)
    • > thang zan tsang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tangzentsang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

(CH {thang zan tsang

language:
English

2. bod rgya tshig mdzod chen mo

[1143] ༼རྒྱ༽ ཐང་རྒྱལ་རབས་སྐབས་ཧོ་ནན་ཡན་ཧྲི་ཞན་དུ་ཆུ་ཁྱི་ལོར་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཤྱན་ཙང་ཞེས་གསོལ། དགུང་ལོ་ཉེར་དགུ་པ་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་དུ་མ་བརྒྱུད་དེ་ཁ་ཆེ་དང་རྒྱ་གར་མཐའ་དབུས་ཀྱི་ས་གནས་མང་པོར་ཕེབས། པཎྜི་ཏ་དུ་མ་དང་མཇལ། གཙོ་བོར་ཤྲཱི་ན་ལེན་དྲའི་མཁན་ཆེན་འདུལ་བ་བཟང་པོ་ལས་བྱམས་ཆོས་སྡེ་ལྔའི་སྐོར་དང། ཚད་མ་མངོན་པ་མཛོད་སོགས་ཞིབ་ཏུ་གསན་ནས་བྱང་ཆུབ་པར་མཛད་དེ་དམ་བཅའ་བཞག་ཅིང། བསྟན་བཅོས་ཀྱང་བརྩམས་པས་མཁས་པ་ཀུན་གྱི་ཐུགས་འཕྲོག་པར་གྱུར། འཕགས་ཡུལ་དུ་མ་ཧ་ཡ་ན་དེ་ཝར་འབོད། རྒྱལ་པོ་ཚུལ་ཁྲིམས་ཉི་མ་སོགས་ས་སྐྱོང་མང་པོའི་མཆོད་གནས་སུ་གྱུར། རྒྱ་གར་དུ་ལོ་བཅུ་བཞི་དང། ཕར་ཚུར་ལམ་བར་དུ་ལོ་གསུམ་བཅས་ལོ་བཅུ་བདུན་འགོར་བ་དང། ཤིང་སྦྲུལ་ལོར་ཁྲང་ཨན་དུ་ཕྱིར་ཕེབས། ཐང་གི་ཅན་ཀུ་རྒྱལ་པོས་བསྙེན་བཀུར་རྒྱ་ཆེན་བགྱིས་ཤིང། ཆེད་དུ་དགོན་པ་དང་སྒྱུར་གྲྭ་གསར་བཙུགས་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་བྱམས་ཆོས་ཀྱིས་གཙོས་པའི་བཀའ་བསྟན་རྒྱ་དཔེ་གླེགས་བམ་དྲུག་བརྒྱ་དང་ང་བདུན་གསར་དུ་བསྒྱུར། འགྱུར་རྙིང་མང་པོ་ལ་འགྱུར་བཅོས་དང། མདོ་སྡེ་འགའི་ཊིཀ། བསྟན་བཅོས་མང་པོ་གསར་རྩོམ་བཅས་མཛད་དེ་སེམས་ཙམ་པའི་ལུགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་སྟེ་རྒྱ་སྐད་དུ་ཐང་ཟན་ཙང་སྟེ་སྡེ་སྣོད་གསུམ་འཛིན་གྱི་སློབ་དཔོན་དུ་གྲགས། ལོ་བཞི་བཅུ་ཙམ་གྱི་རིང་འགྲོ་དོན་མཐའ་ཡས་པ་མཛད་ནས་ཤིང་བྱི་ལོར་འདས། ...

language:
English

3. Thupten Phuntsok Dictionary

〔རྒྱ〕ཐང་རྒྱལ་ཐབས་སྐབས་ཧོ་ནན་ཡན་ཧྲི་ཞན་དུ་ཆུ་ཁྱི་ལོར་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཤྱན་ཙང་ཞེས་གསོལ། དགུང་ལོ་ཉེར་དགུ་པ་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་དུ་མ་བརྒྱུད་དེ་ཁ་ཆེ་དང་རྒྱ་གར་མཐའ་དབུས་ཀྱི་ས་གནས་མང་པོར་ཕེབས། པཎྜི་ཏ་དུ་མ་དང་མཇལ། གཙོ་བོར་ཤྲཱི་ན་ལེན་དྲའི་མཁན་ཆེན་འདུལ་བ་བཟང་པོ་ལས་བྱམས་ཆོས་སྡེ་ལྔའི་སྐོར་དང་། ཚད་མ་མངོན་པ་མཛོད་སོགས་ཞིབ་ཏུ་གསན་ནས་བྱང་ཆུབ་པར་མཛད་དེ་དམ་བཅའ་བཞག་ཅིང་། བསྟན་བཅོས་ཀྱང་བརྩམས་པས་མཁས་པ་ཀུན་གྱི་ཐུགས་འཕྲོག་པར་གྱུར། འཕགས་ཡུལ་དུ་མ་ཧ་ཡ་ན་དེ་ཝར་འབོད། རྒྱལ་པོ་ཚུལ་ཁྲིམས་ཉི་མ་སོགས་ས་སྐྱོང་མང་པོའི་མཆོད་གནས་སུ་གྱུར། རྒྱ་གར་དུ་ལོ་བཅུ་བཞི་དང་། ཕར་ཚུར་ལམ་བར་དུ་ལོ་གསུམ་བཅས་ལོ་བཅུ་བདུན་འགོར་བ་དང་། ཤིང་སྦྲུལ་ལོར་ཁྲང་ཨན་དུ་ཕྱིར་ཕེབས། ཐང་གི་ཅན་ཀུའན་རྒྱལ་པོས་བསྙེན་བཀུར་རྒྱ་ཆེན་བགྱིས་ཤིང་། ཆེད་དུ་དགོན་པ་དང་སྒྱུར་གྲྭ་གསར་བཙུགས་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་བྱམས་ཆོས་ཀྱིས་གཙོས་པའི་བཀའ་བསྟན་རྒྱ་དཔེ་གླེགས་བམ་དྲུག་བརྒྱ་དང་ང་བདུན་གསར་དུ་བསྒྱུར། འགྱུར་རྙིང་མང་པོ་ལ་འགྱུར་བཅོས་དང་། མདོ་སྡེ་འགའི་ཊིཀ བསྟན་བཅོས་མང་པོ་གསར་རྩོམ་བཅས་མཛད་དེ་སེམས་ཙམ་པའི་ལུགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་སྟེ་རྒྱ་སྐད་དུ་ཐང་ཟན་ཙང་སྟེ་སྡེ་སྣོད་གསུམ་འཛིན་གྱི་སློབ་དཔོན་དུ་གྲགས། ལོ་བཞི་བཅུ་ཙམ་གྱི་རིང་འགྲོ་དོན་མཐའ་ཡས་པ་མཛད་ནས་ཤིང་བྱི་ལོར་འདས།

language:
Tibetan

4. smon lam tshig mdzod chen mo

(རྒྱ་སྐད།) ཐང་རྒྱལ་རབས་སྐབས་ཧོ་ནན་ཡན་ཧྲི་ཞན་དུ་ཆུ་ཁྱི་ལོར་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཤྱན་ཙང་ཞེས་གསོལ། དགུང་ལོ་ཉེར་དགུ་པ་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་དུ་མ་བརྒྱུད་དེ་ཁ་ཆེ་དང་རྒྱ་གར་མཐའ་དབུས་ཀྱི་ས་གནས་མང་པོར་ཕེབས། པཎྜི་ཏ་དུ་མ་དང་མཇལ། གཙོ་བོར་ཤྲཱི་ན་ལེན་དྲའི་མཁན་ཆེན་འདུལ་བ་བཟང་པོ་ལས་བྱམས་ཆོས་སྡེ་ལྔའི་སྐོར་དང༌། ཚད་མ། མངོན་པ་མཛོད་སོགས་ཞིབ་ཏུ་གསན་ནས་བྱང་ཆུབ་པར་མཛད་དེ་དམ་བཅའ་བཞག་ཅིང༌། བསྟན་བཅོས་ཀྱང་བརྩམས་པས་མཁས་པ་ཀུན་གྱི་ཐུགས་འཕྲོག་པར་གྱུར། འཕགས་ཡུལ་དུ་མ་ཧ་ཡ་ན་དེ་ཝར་འབོད། རྒྱལ་པོ་ཚུལ་ཁྲིམས་ཉི་མ་སོགས་ས་སྐྱོང་མང་པོའི་མཆོད་གནས་སུ་གྱུར། རྒྱ་གར་དུ་ལོ་བཅུ་བཞི་དང༌། ཕར་ཚུར་ལམ་བར་དུ་ལོ་གསུམ་བཅས་ལོ་བཅུ་བདུན་འགོར་བ་དང༌། ཤིང་སྦྲུལ་ལོར་ཁྲང་ཨན་དུ་ཕྱིར་ཕེབས། ཐང་གི་ཅན་ཀུའན་རྒྱལ་པོས་བསྙེན་བཀུར་རྒྱ་ཆེན་བགྱིས་ཤིང༌། ཆེད་དུ་དགོན་པ་དང་སྒྱུར་གྲྭ་གསར་བཙུགས་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་བྱམས་ཆོས་ཀྱིས་གཙོས་པའི་བཀའ་བསྟན་རྒྱ་དཔེ་གླེགས་བམ་དྲུག་བརྒྱ་དང་ང་བདུན་གསར་དུ་བསྒྱུར། འགྱུར་རྙིང་མང་པོ་ལ་འགྱུར་བཅོས་དང༌། མདོ་སྡེ་འགའི་ཊིཀ། བསྟན་བཅོས་མང་པོ་གསར་རྩོམ་བཅས་མཛད་དེ་སེམས་ཙམ་པའི་ལུགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་སྟེ་རྒྱ་སྐད་དུ་ཐང་ཟན་ཙང་སྟེ་སྡེ་སྣོད་གསུམ་འཛིན་གྱི་སློབ་དཔོན་དུ་གྲགས། ལོ་བཞི་བཅུ་ཙམ་གྱི་རིང་འགྲོ་དོན་མཐའ་ཡས་པ་མཛད་ནས་ཤིང་བྱི་ལོར་འདས།

language:
Tibetan