- thun mong min pa'i ma nges pa'i rtags bzhi/
- ID:
- T83665
- ཐུན་མོང་མིན་པའི་མ་ངེས་པའི་རྟགས་བཞི (Tibetan, Tibetan script, Original)
- > thun mong min pa'i ma nges pa'i rtags bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tünmong minpé mangé pé takzhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
the extraordinary four rasons of uncertainty [mthun phyogs mi mthun phyogs gnyis ka la rtags med nas ma mthong ba dang, gnyis ka la yod kyang ma mthong ba dang, mthun phyogs la yod kyang ma mthong ba dang, mi mthun phyogs la yod kyang ma mthong ba ste, dper brjod rim bzhin, sgra chos can mi rtag ste, mnyan bya yin pa'i phyir, zhes pa bum pa dang nam mkha' la mnyan bya med pa lta bu dang, skyes bu 'di chos can, lha las tse 'phos te, mig dang ldan pa'i phyir, zhes pa lha las 'phos ma 'phos gnyis kar ma mthong ba lta bu dang, rig byed kyi sgra rtag par 'dod pa'i ngor, sgra chos can, mi rtag ste, byas pa'i phyir, dpe rig byed kyi sgra bzhin, zhes pa lta bu dang, nam mkha' chos can, rtag ste, ma byas pa'i phyir, rig byed kyi sgra bzhin zhes bkod pa lta bu'o
- language:
- English
2. bod rgya tshig mdzod chen mo
[1173] མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྟགས་མེད་ནས་མ་མཐོང་བ་དང། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ་དང། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དང། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སྟེ། དཔེར་བརྗོད་རིམ་བཞིན། སྒྲ་ཆོས་ཅན་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་བུམ་པ་དང་ནམ་མཁའ་ལ་མཉན་བྱ་མེད་པ་ལྟ་བུ་དང། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར། ཞེས་པ་ལྷ་ལས་འཕོས་མ་འཕོས་གཉིས་ཀར་མ་མཐོང་བ་ལྟ་བུ་དང། རིག་བྱེད་ཀྱི་སྒྲ་རྟག་པར་འདོད་པའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེ་རིག་བྱེད་ཀྱི་སྒྲ་བཞིན། ཞེས་པ་ལྟ་བུ་དང། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་བཀོད་པ་ལྟ་བུའོ། ...
- language:
- English
3. Thupten Phuntsok Dictionary
མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྟགས་མེད་ནས་མཐོང་བ་དང་། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ་དང་། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དང་། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སྟེ། དཔེར་བརྗོད་རིམ་བཞིན། སྒྲ་ཆོ་ཅན་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་བུམ་པ་དང་ནམ་མཁའ་ལ་མཉན་བྱ་མེད་པ་ལྟ་བུ་དང་། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར། ཞེས་པ་ལྷ་ལས་འཕོས་མ་འཕོས་གཉིས་ཀར་མ་མཐོང་བ་ལྟ་བུ་དང་། རིག་བྱེད་ཀྱི་སྒྲ་རྟག་པར་འདོད་པའི་ངོར་། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེ་རིག་བྱེད་ཀྱི་སྒྲ་བཞིན། ཞེས་པ་ལྟ་བུ་དང་། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་བཀོད་པ་ལྟ་བུའོ།
- language:
- Tibetan
4. smon lam tshig mdzod chen mo
མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྟགས་མེད་ནས་མ་མཐོང་བ་དང༌། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ་དང༌། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དཔེར་བརྗོད་རིམ་བཞིན། སྒྲ་ཆོས་ཅན་མི་རྟག་མཉན་བྱ་ཡིན་པའི་ཕྱིར། ཞེས་པ་བུམ་པ་དང་ནམ་མཁའ་ལ་མཉན་བྱ་མེད་པ་ལྟ་བུ་དང༌། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར། ཞེས་པ་ལྷ་ལས་འཕོས་མ་འཕོས་གཉིས་ཀར་མ་མཐོང་བ་ལྟ་བུ་དང༌། རིག་བྱེད་ཀྱི་སྒྲ་རྟག་པར་འདོད་པའི་ངོར། སྒྲ་ཆོས་ཅན། མི་རྟག་བྱས་པའི་ཕྱིར། དཔེ་རིག་བྱེད་ཀྱི་སྒྲ་བཞིན། ཞེས་པ་ལྟ་བུ་དང༌། ནམ་མཁའ་ཆོས་ཅན། རྟག་མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་བཀོད་པ་ལྟ་བུའོ། །
- language:
- Tibetan