Skip to main content Skip to search
thub bstan rdo rje brag
ID:
T83745
  • ཐུབ་བསྟན་རྡོ་རྗེ་བྲག (Tibetan, Tibetan script, Original)
    • > thub bstan rdo rje brag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tupten dojedrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

The Jangter Monastery, Nyingmapa

language:
English

2. Ives Waldo Dictionary

3. dung dkar bod rig pa'i tshig mdzod chen mo

(རྡོ་རྗེ་བྲག)འདི་བོད་དུ་སྐད་གྲགས་ཡོད་པའི་རྙིང་མའི་དགོན་པ་ཆེན་པོ་ཞིག་ཡིན། བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱལ་དང་། སྡེ་པ་རིན་སྤུངས་པའི་བློན་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཉིས་མ་མཐུན་པར་བརྟེན། བློན་པོ་ཞིང་ཤག་པ་དང་། བྱང་པ་ནམ་མཁའ་རྒྱལ་མཚན་གཉིས་མཉམ་སྦྲེལ་བྱས་ཏེ་བཀྲ་ཤིས་སྟོབས་རྒྱལ་ཡུལ་ནས་བསྐྲད། དེར་བརྟེན་བཀྲ་ཤིས་སྟོབས་རྒྱལ་པ་རེ་ཞིག་གི་བར་དུ་བྱེས་སྒར་བྱེད་པའི་དབང་གིས་ཁོང་དང་མཉམ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ལ་ཨེ་ཝམ་ལྕོག་སྒར་ཟེར། རྗེས་སུ་དེའི་སྐུ་ཕྲེང་བཞི་པ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་པདྨ་འཕྲིན་ལས་ཀྱིས་དབུས་ཕྱོགས་སུ་དགོན་པ་གསར་དུ་བཏབ་པ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཅེས་དབུས་གཙང་ཁུལ་དུ་རྙིང་མའི་གདན་ས་ལྟ་བུར་གྱུར། དེང་སང་བོད་དུ་རྙིང་མའི་བླ་ཆེན་མཚན་སྙན་ཆེ་བའི་གྲས་ཡིན་པ་རྡོ་རྗེ་བྲག་སྤྲུལ་སྐུ་ཡང་དགོན་པའི་མིང་བླ་མར་ཐོགས་པ་ཞིག་ཡིན།

language:
Tibetan

4. Thupten Phuntsok Dictionary

(རྡོ་རྗེ་བྲག) འདི་བོད་དུ་སྐད་གྲགས་ཡོད་པའི་རྙིང་མའི་དགོན་པ་ཆེན་པོ་ཞིག་ཡིན། བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱལ་དང་། སྡེ་པ་རིན་སྤུངས་པའི་བློན་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཉིས་མ་མཐུན་པར་བརྟེན། བློན་པོ་ཞིང་ཤག་པ་དང་། བྱང་པ་ནམ་མཁའ་རྒྱལ་མཚན་གཉིས་མཉམ་སྦྲེལ་བྱས་ཏེ་བཀྲ་ཤིས་སྟོབས་རྒྱལ་ཡུལ་ནས་བསྐྲད། དེར་བརྟེན་བཀྲ་ཤིས་སྟོབས་རྒྱལ་པ་རེ་ཞིག་གི་བར་དུ་བྱེས་སྒར་བྱེད་པའི་དབང་གིས་ཁོང་དང་མཉམ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ལ་ཨེ་ཝཾ་ལྕོག་སྒར་ཟེར། རྗེས་སུ་དེའི་སྐུ་ཕྲེང་བཞི་པ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་པདྨ་འཕྲིན་ལས་ཀྱིས་དབུས་ཕྱོགས་སུ་དགོན་པ་གསར་དུ་བཏབ་པ་ལ་ཐུབ་བསྟན་བྲག་ཅེས་དབུས་གཙང་ཁུལ་དུ་རྙིང་མའི་གདན་ས་ལྟ་བུར་གྱུར། དེང་སང་བོད་དུ་རྙིང་མའི་བླ་ཆེན་མཚན་སྙན་ཆེ་བའི་གྲས་སུ་ཡིན་པ་རྡོ་རྗེ་བྲག་སྤྲུལ་སྐུ་ཡང་དགོན་པའི་མིང་བླ་མར་ཐོགས་པ་ཞིག་ཡིན།

language:
Tibetan