Skip to main content Skip to search
the tshom/
ID:
T84007
  • ཐེ་ཚོམ (Tibetan, Tibetan script, Original)
    • > the tshom/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tetsom (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: doubt; qualm; suspicion
Others' Translations: {C}perplexity; uncertainty; consternation
Sanskrit: {MSA,MV}vicikitsā; {MSA}vicikitsatā; {LCh,MSA}saṃśaya; {MSA}saṃdeha; saṃdigdha; {C}vimati

མཚན་ཉིད། 1རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པའི་རིག་པ། 2རང་ཡུལ་ལ་དོགས་པའི་རིག་པ། 
Def.: (1) a knower which by its own power has doubts in two directions; or: (2) an awareness having qualms with respect to its object
དབྱེ་བ། 1དོན་འགྱུར་གྱི་ཐེ་ཚོམ། 2དོན་མི་འགྱུར་གྱི་ཐེ་ཚོམ། 3ཆ་མཉམ་པའི་ཐེ་ཚོམ། 
Div.: (1) doubt tending toward the fact; (2) doubt not tending toward the fact; (3) equal doubt

Comment: This is one of the six root afflictions (rtsa nyon, mūlakleśa): desire ('dod chogs, rāga); (2) anger (khong khro, pratigha); (3) pride (nga rgyal, māna); (4) ignorance (ma rig pa, avidyā); (5) doubt (the tshom, vicikitsā); (6) afflicted view (lta ba nyon mongs can, kliṣṭa-dṛṣṭi). This is also one of the seven types of knowledge and awareness (blo rig); for the others see blo rig.

language:
English

2. Rangjung Yeshe Dictionary

Doubt, [as one of the six root disturbances.] indecision, uncertainty, hesitation, suspicion, dilemma, perplexed, doubts, hesitancy, indecisiveness, irresolution, vacillation, wavering.; + za ba - to entertain doubt; doubting, [as one of four types of cognition]. Def. by Jamgön Kongtrül: རྣམ་གཞག་མང་ཡང་འདིར་བདེན་པ་དང་ལས་འབྲས་ལ་ཡིད་གཉིས་ཟ་བ་

language:
English

3. Ives Waldo Dictionary

  • doubt, indecision, uncertainty, hesitation, suspicion, dilemma, perplexed

    language:
    English
  • doubt

    language:
    English
  • doubt, indecision, uncertainty, hesitation, suspicion, dilemma, perplexed [rnam gzhag mang yang 'dir bden pa dang las 'bras la yid gnyis za ba 1 of four types of cognition [+1,38] 1 of the six root disturbances [vichikitsa] [tse]

    language:
    English

4. Jim Valby Dictionary

suspicion, doubt, doubting consciousness, indecision, hesitation, uncertainty, perplexity

language:
English

5. Richard Barron Dictionary

(to entertain) doubt

language:
English

6. bod rgya tshig mdzod chen mo

[1179] བློ་རིག་བདུན་གྱི་ནང་གསེས། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཉོན་མོངས་ཅན་གྱི་ཤེས་པ། དཔེར་ན། སྒྲ་རྟག་གམ་མི་རྟག་སྙམ་པ་དང། དུ་ལྡན་གྱི་ལ་ལ་མེ་ཡོད་དམ་མེད་སྙམ་པ་ལྟ་བུ་སྟེ་རྩ་ཉོན་དྲུག་གི་ཡ་གྱལ་ཞིག་ཀྱང་ཡིན་ནོ། ... ཐེ་ཚོམ་སྤུ་ཙམ་མེད་པ། ... འཐུས་མིན་གྱི་ཐེ་ཚོམ་སྐྱེ་བ། ... དགོངས་སྐོར་ཞུས་ནས་ཐེ་ཚོམ་གཅོད་པ། ... ཐེ་ཚོམ་འདྲི་བ། ... ཐེ་ཚོམ་བསལ་བ། ... ལས་དོན་ཆེན་པོ་འདི་འགྲུབ་ཨེ་ཡོང་སྙམ་པའི་ཐེ་ཚོམ་བྱེད་པ། ... ཐེ་ཚོམ་མངོན་དུ་རྒྱུ་བ། ... ཐེ་ཚོམ་བག་ལ་ཉལ་བ། ... དོན་འགྱུར་བའི་ཐེ་ཚོམ། ... དོན་མི་འགྱུར་བའི་ཐེ་ཚོམ། ... མིང་གི་རྣམ་གྲངས་ལ་ནེམ་ནུར་དང། འཕྱང་མོ་ཉུག་མ་ངེས། ཡིད་གཉིས། སོམ་ཉི་བཅས་སོ། 

language:
English

7. dag yig gsar bsgrigs

ཚམ་ཚོམ་བྱས་ནས་ཐག་གཅོད་མི་ཐུབ་པའི་བློ་དང་སྤྱོད་པའི་མིང་སྟེ། ཐེ་ཚོམ་མེད་པར་ཆུ་ལ་བརྒལ། ཐེ་ཚོམ་སྤུ་ཙམ་མེད་ལྟ་བུ།

language:
Tibetan

8. dung dkar bod rig pa'i tshig mdzod chen mo

བློ་རིག་བདུན་དུ་དབྱེ་བའི་ནང་གསེས་ཤིག་སྟེ། རང་ཡུལ་ལ་རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པའི་རིག་པ་ཐེ་ཚོམ་གྱི་མཚན་ཉིད། མཚན་གཞི་ནི། སྐྱེ་བ་ཕྱི་མ་ཡོད་དམ་མེད་སྙམ་པ་ལྟ་བུའོ། །དེ་ལ་དབྱེ་ན། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་གསུམ་ཡོད།

language:
Tibetan

9. Thupten Phuntsok Dictionary

བློ་རིག་བདུན་གྱི་ནང་གསེས། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཉོན་མོངས་ཅན་གྱི་ཤེས་པ། དཔེར་ན། སྒྲ་རྟག་གམ་མི་རྟག་སྙམ་པ་དང་། དུ་ལྡན་གྱི་ལ་ལ་མེ་ཡོད་དམ་མེད་སྙམ་པ་ལྟ་བུ་སྟེ་རྩ་ཉོན་དྲུག་གི་ཡ་གྱལ་ཞིག་ཀྱང་ཡིན་ནོ། ཐེ་ཚོམ་སྤུ་ཙམ་མེད་པ། འཐུས་མིན་གྱི་ཐེ་ཚོམ་སྐྱེ་བ། དགོངས་སྐོར་ཞུས་ནས་ཐེ་ཚོམ་འདྲི་བ། ཐེ་ཚོམ་བསལ་བ། ལས་དོན་ཆེན་པོ་འདི་འགྲུབ་ཨེ་ཡོང་སྙམ་པའི་ཐེ་ཚོམ་བྱེད་པ། ཐེ་ཚོམ་མངོན་དུ་རྒྱུ་བ། ཐེ་ཚོམ་བག་ལ་ཉལ་བ། དོན་འགྱུར་བའི་ཐེ་ཚོམ། དོན་མི་འགྱུར་བའི་ཐེ་ཚོམ། མིང་གི་རྣམ་གྲངས་ལ་ནེམ་ནུར་དང་། འཕྱང་མོ་ཉུག་མ་ངེས། ཡིད་གཉིས། སོམ་ཉི་བཅས་སོ།

language:
Tibetan

10. smon lam tshig mdzod chen mo

བློ་རིག་བདུན་གྱི་ནང་གསེས། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཉོན་མོངས་ཅན་གྱི་ཤེས་པ། དཔེར་ན། སྒྲ་རྟག་གམ་མི་རྟག་སྙམ་པ་དང༌། དུ་ལྡན་གྱི་ལ་ལ་མེ་ཡོད་དམ་མེད་སྙམ་པ་ལྟ་བུ་སྟེ་རྩ་ཉོན་དྲུག་གི་ཡ་གྱལ་ཞིག་ཀྱང་ཡིན་ནོ། ཐེ་ཚོམ་སྤུ་ཙམ་མེད་པ། འཐུས་མིན་གྱི་ཐེ་ཚོམ་སྐྱེ་བ། དགོངས་སྐོར་ཞུས་ནས་ཐེ་ཚོམ་གཅོད་པ། ཐེ་ཚོམ་འདྲི་བ། ཐེ་ཚོམ་བསལ་བ། ལས་དོན་ཆེན་པོ་འདི་འགྲུབ་ཨེ་ཡོང་སྙམ་པའི་ཐེ་ཚོམ་བྱེད་པ། ཐེ་ཚོམ་མངོན་དུ་རྒྱུ་བ། ཐེ་ཚོམ་བག་ལ་ཉལ་བ། དོན་འགྱུར་བའི་ཐེ་ཚོམ། དོན་མི་འགྱུར་བའི་ཐེ་ཚོམ། མིང་གི་རྣམ་གྲངས་ལ་ནེམ་ནུར་དང༌། འཕྱང་མོ་ཉུག་མ་ངེས། ཡིད་གཉིས། སོམ་ཉི་བཅས་སོ། །

language:
Tibetan

11. Mahāvyutpatti: Sanskrit-Tibetan-English Vocabulary

Sanskrit:


  • vicikitsā
  • saṃśayaḥ

12. Yogācāra Glossary

Sanskrit:


  • kaukṛtya
  • saṃdigdha
  • saṃdeha
  • saṃśaya
  • vicikitsa
  • vicikitsā

13. Negi Tibetan-Sanskrit Dictionary

  • saṃ. = ནེམ་ནུར saṃśayaḥ — ཐེ་ཚོམ་སྔོན་དུ་འགྲོ་བ་ཅན་གྱི་གཏན་ལ་ཕབ་པ saṃśayapūrvako nirṇayaḥ ta.pa.246kha/207; sandehaḥ — གསལ་བ་འཆོལ་བས་ཐེ་ཚོམ་གྱི་ཡུལ་ཡིན་པའི་ཕྱིར vyaktisaṅkareṇa sandehaviṣayatvāt pra.a.8kha/10; āśaṅkā — ཐེ་ཚོམ་མེད་དེ་དག་རྣམ་གཅོད། /རྗོད་པར་བྱེད་པར་སྒྲུབ་པ་ཉིད༎ nāśaṅkyā eva siddhāste vyavacchedakasya vācakāḥ

    language:
    Sanskrit
  • *pra.vṛ.8kha/61; vicikitsā — ནེམ་ནུར་དང་ཐེ་ཚོམ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ༎ kāṅkṣā vicikitsetyanarthāntaram abhi.sphu.178ka/928; vicikitsanam — ཕུང་པོ་གནོན་བྱེད་དང་། /ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ༎ pañcatā skandhavighātavicikitsanāt abhi.ko.5.59; vimatiḥ — སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། /ལྟ་དང་དེ་བཞིན་ཐེ་ཚོམ་དང་།… ཀུན་ཏུ་འགྲོ། sarvatragā duḥkhahetudṛggheyā dṛṣṭayastathā

    language:
    Sanskrit
  • vimatiḥ abhi.ko.5.12; vimarśaḥ — འདོད་པའི་དོན་འབྱོར་ཐེ་ཚོམ་མེད་གྱུར་པས། /དགའ་བ་བསྐྱེད་པའི་ཁྱད་པར་རྒྱུར་གྱུར་པ༎ iṣṭārthasampattivimarśanāśātprītiprabodhasya viśeṣahetuḥ

    language:
    Sanskrit
  • jā.mā.21kha/24; ārekaḥ — ཐེ་ཚོམ་ནི་ཡིད་གཉིས་སོ༎ ārekaḥ saṃśayaḥ ta.pa.193kha/103; kathaṃkathā — སྒྲ་འདི་ཐོས་ནས་ཚིམ་པ་རབ་སྐྱེས་ཏེ།…/བདག་ལ་ཐེ་ཚོམ་ནམ་ཡང་ཕྱིས་མི་འབྱུང་༎ aujñilyajāto imu ghoṣa śrutvā

    language:
    Sanskrit
  • kathaṃkathā mahya na bhūya kācit sa.pu.25kha/44;

    language:
    Sanskrit
  • pā. 1. vicikitsā

    language:
    Sanskrit
  • i. anuśayabhedaḥ — སྲིད་པའི་རྩ་བ་ཕྲ་རྒྱས་དྲུག། /འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། /ང་རྒྱལ་མ་རིག་ལྟ་བ་དང་། /ཐེ་ཚོམ་ཡིན་ཏེ mūlaṃ bhavasyānuśayāḥ ṣaḍrāgaḥ pratighastathā

    language:
    Sanskrit
  • mano'vidyā ca dṛṣṭiśca vicikitsā ca abhi.ko.5.1

    language:
    Sanskrit
  • ii. āvaraṇabhedaḥ — འགྱོད་པ་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་ཐེ་ཚོམ་སྟེ་སྒྲིབ་པ་ལྔ kaukṛtyastyānamiddhauddhatyavicikitseti pañcāvaraṇāni vi.pra.32ka/4.5 2. (nyā.da.) saṃśayaḥ, padārthabhedaḥ ma.vyu.4528;

    language:
    Sanskrit
  • vi. = ཐེ་ཚོམ་ཅན saṃdigdhaḥ — གཏན་ཚིགས་ཐེ་ཚོམ་ལ་བརྗོད་པའི་ཕྱིར sandigdhe hetuvacanāt ta.pa.27ka/501; saṃśayitaḥ — ཐེ་ཚོམ་གྱི་ཤེས་པ saṃśayitaṃ pratyayam ta.pa.134kha/719.

    language:
    Sanskrit

the tshom/ has 1 other term directly related to it, which is presented here.


Sanskrit:


  • kaukṛtya, saṃdigdha, saṃdeha, saṃśaya, vicikitsa
  • vicikitsā
  • saṃśayaḥ