- theg pa rim dgu/
- ID:
- T84345
- ཐེག་པ་རིམ་དགུ (Tibetan, Tibetan script, Original)
- > theg pa rim dgu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tekpa rimgu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
འདི་ལ་བོན་པོའི་ལུགས་ཀྱི་ཐེག་པ་རིམ་དགུ་དང་། གསང་སྔགས་རྙིང་མའི་གཞུང་ལས་གསུངས་པའི་ཐེག་པ་རིམ་དགུ་སྟེ་གཉིས་ཡོད་པ་ལས། དང་པོ། བོན་ལུགས་ཀྱི་ཐེག་པ་རིམ་པ་དགུ་ནི། ཕྱ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་སྟེ་སྐུའི་ཐེག་པ་བཞི། དགེ་བསྙེན། ཨ་དཀར། དྲང་སྲོང། ཡེ་གཤེན་སྟེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ། །གཉིས་པ། གསང་སྔགས་རྙིང་མའི་གཞུང་ལས་གསུངས་པའི་ཐེག་པ་རིམ་པ་དགུ་ནི། ༡.ཉན་ཐོས་ཀྱི་ཐེག་པ། ༢.རང་རྒྱལ་གྱི་ཐེག་པ། ༣.ཐེག་ཆེན་གྱི་ཐེག་པ་བཅས་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐེག་པ་གསུམ་དང་། ༤.ཀྲི་ཡ(བྱ་རྒྱུད) ༥.ཨུ་པ(སྤྱོད་རྒྱུད) ༦.ཡོ་ག(རྣལ་འབྱོར་རྒྱུད)བཅས་ལོངས་སྐུ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཕྱིའི་ཐེག་པ་གསུམ། ༧.རྒྱུད་མ་ཧཱ་ཡོ་ག ༨.ལུང་ཨ་ནུ་ཡོ་ག ༩.མན་ངག་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་གསང་བ་བླ་ན་མེད་པའི་ཐེག་པ་གསུམ་བཅས་ཐེག་པ་རིམ་པ་དགུར་གསུངས་སྲོལ་འདུག དེར་དགེ་ལུགས་པས་རྒྱུད་སྡེ་བཞི་ཟེར་བ་ལས་ཐེག་པ་དགུ་ཟེར་སྲོལ་མེད། དེ་ནི་སྟོན་པས་ཆོས་གསུང་སྐབས་བཤད་བྱའི་ཡུལ་སློབ་མ་ཁག་བཞི་ལ་བགོས་ཏེ་གནས་ཚད་མཐོ་དམན་མི་འདྲ་བར་གསུངས་པ་དེ་ལ་རྒྱུད་སྡེ་བཞི་ཟེར་རོ། །ཞིབ་པར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང《མཛོད་བདུན》རྩ་འགྲེལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི《ཤེས་བྱ་ཀུན་ཁྱབ》གསང་སྔགས་ཀྱི་སྐོར་ལ་གཟིགས།
- language:
- Tibetan