- thog med dus/
- ID:
- T85011
- ཐོག་མེད་དུས (Tibetan, Tibetan script, Original)
- > thog med dus/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tokmedü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[1192] ཡེ་ཐོག་མའམ་སྔོན་མཐའ་མེད་པའི་དུས། ... ང་ནི་ཐོག་མེད་དུས་ནས་ཁྱོད་ཀྱི་མགོན། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྐྱེ་བ་ལ་ཐོག་མའི་མཐའ་མེད་དེ་མི་གཅིག་ལ་མཚོན་ན། མི་དེའི་ད་ལྟའི་སེམས་དེ་ཁ་སང་གི་སེམས་ཀྱི་རྒྱུན་ཡིན་པ་དང་། ཁ་སང་གི་སེམས་དེ་ཁའི་ཉིན་གྱི་སེམས་ཀྱི་རྒྱུན་ཡིན། དེ་དང་འདྲ་བར་གཞོན་ནུའི་དུས་སྐབས་ཀྱི་སེམས་དེ་བྱིས་པའི་དུས་ཀྱི་སེམས་ཀྱི་རྒྱུན་ཡིན་པ་དང་། བྱིས་པ་སྐྱེས་ནས་རིང་པོར་མ་སོང་བར་ཕྱི་རོལ་གྱི་ཡུལ་ལ་ངོས་འཛིན་བྱེད་པའི་ཐོག་མ་ནི་རང་གི་ཨ་མ་ངོ་ཤེས་པའི་བསམ་བློ་དེ་ཡིན་ཅིང་། བསམ་བློ་དེ་ཡང་གློ་བུར་དུ་བྱུང་བའི་དངོས་པོ་ཞིག་མིན་པར། དེའི་རྒྱུན་སྔ་མ་ཞིག་ཡོད་པས་དེ་ལས་བྱུང་བ་ཡིན། རྒྱུན་སྔ་མ་དེ་རིམ་པས་རིག་འདེད་བྱས་ན་སྐྱེ་བ་སྔ་མའི་སེམས་དེ་མ་གཏོགས་སེམས་མ་ཡིན་པའི་དངོས་པོ་ཞིག་གིས་རྒྱུ་རྐྱེན་བྱས་ནས་སེམས་ཡོང་མི་ཐུབ་པས་སྐྱེ་བ་སྔ་མ་ངེས་པར་དུ་ཡོད་དགོས་ཤིང་། རང་གི་སྐྱེ་བ་སྔ་མའི་འགོ་དང་པོ་དེ་དུས་ཚོད་འདི་འདྲ་ཞིག་ནས་བཙུགས་ཟེར་ཆོག་པའི་ཐོག་མའི་མཐའ་མེད་ཟེར།
- language:
- Tibetan
6. smon lam tshig mdzod chen mo
ཡེ་ཐོག་མའམ་སྔོན་མཐའ་མེད་པའི་དུས་ཏེ།
- Model Sentence
(དཔེར་ན།) ང་ནི་ཐོག་མེད་དུས་ནས་ཁྱོད་ཀྱི་མགོན་ཞེས་པ་ལྟ་བུ།
- language:
- Tibetan