- thong ba/
- ID:
- T85150
- ཐོང་བ (Tibetan, Tibetan script, Original)
- > thong ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tongwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
(tha mi dad pa gtong ba dang don mthun gyi bya byed tha mi dad pa'i las tshig cig ste, gzhan la skad btang nas thos pa la skad thong ba dang, skad btang nas ma thos pa la skad ma thong ba, khrims btang nas thong ba, bslab bya btang nas thong ba zhes grags pa lta bu. Gtong ba
- language:
- English
2. bod rgya tshig mdzod chen mo
[1194] ༼ཐ་མི་དད་པ༽ གཏོང་བ་དང་དོན་མཐུན་གྱི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཅིག་སྟེ། གཞན་ལ་སྐད་བཏང་ནས་ཐོས་པ་ལ་སྐད་ཐོང་བ་དང། སྐད་བཏང་ནས་མ་ཐོས་པ་ལ་སྐད་མ་ཐོང་བ། ཁྲིམས་བཏང་ནས་ཐོང་བ། བསླབ་བྱ་བཏང་ནས་ཐོང་བ་ཞེས་གྲགས་པ་ལྟ་བུ། ... གཏོང་བ་...
- language:
- English
3. dag yig gsar bsgrigs
སྲོག་ཆགས་ཀྱི་རིགས་ཕྲུ་གུའི་ཚད་ལས་འདས་ཤིང་དར་མའི་ཚད་ལ་མ་བསླེབས་པ་སྟེ། ལུག་ཐོང་བ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཐོང་ཞེས་འབྲི་ཆོག་སྟེ། ཐོང་བ་དང་འཚེར་མོ་ལ་ཐོང་འཚེར་ཟེར་བ་ལྟ་བུ།
- language:
- Tibetan
4. Thupten Phuntsok Dictionary
〔ཐ་མི་དད་པ〕གཏོང་བ་དང་དོན་མཐུན་གྱི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཅིག་སྟེ། གཞན་ལ་སྐད་བཏང་ནས་ཐོས་པ་ལ་སྐད་ཐོང་བ་དང་། སྐད་བཏང་ནས་མ་ཐོས་པ་ལ་སྐད་མ་ཐོང་བ། ཁྲིམས་བཏང་ནས་ཐོང་། བསླབ་བྱ་བཏང་ནས་ཐོང་བ་ཞེས་གྲགས་པ་ལྟ་བུ། གཏོང་བ།
- language:
- Tibetan
5. smon lam tshig mdzod chen mo
-
1.སྲོག་ཆགས་ཀྱི་རིགས་ཕྲུ་གུའི་ཚད་ལས་འདས་ཤིང་དར་མའི་ཚད་ལ་མ་བསླེབས་པ་སྟེ།
Model Sentences
-
(དཔེར་ན།) ལུག་ཐོང་བ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཐོང་ཞེས་འབྲི་ཆོག་སྟེ།
-
(དཔེར་ན།) ཐོང་བ་དང་འཚེར་མོ་ལ་ཐོང་འཚེར་ཟེར་བ་ལྟ་བུ།
- language:
- Tibetan
-
-
2.(བྱེད་མེད་ལས་ཚིག) གཏོང་བ་དང་དོན་མཐུན་པའམ་ནུས་པའི་དོན་དུ་གོ་བའི་ལས་ཚིག་ཅིག
- Model Sentence
(དཔེར་ན།) གཞན་ལ་སྐད་བཏང་ནས་ཐོས་པ་ལ་སྐད་ཐོང་བ་དང༌། སྐད་བཏང་ནས་མ་ཐོས་པ་ལ་སྐད་མ་ཐོང་བ། ཁྲིམས་བཏང་ནས་ཐོང་བ། བསླབ་བྱ་བཏང་ནས་ཐོང་བ་ཞེས་གྲགས་པ་ལྟ་བུ།
- language:
- Tibetan