Skip to main content Skip to search
mthing shun/
ID:
T86458
  • མཐིང་ཤུན (Tibetan, Tibetan script, Original)
    • > mthing shun/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tingshün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

sulphate of copper

language:
English

2. Thupten Phuntsok Dictionary

རྡོ་མཐིང་གི་ཁ་ཤུན་ལ་བཞེད་པ་ཞིག་དང་། རྨྱུག་མའི་ཕྱི་རྩི་ལ་བཞེད་པ་ཞིག་དང་གཉིས་མཆིས་པས་སྐབས་ཐོབ་ཏུ་གོ་དགོས་པ་ཞིག་སྟེ། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་གཏེར་ལས། མཐིང་ཤུན་ནི། འགའ་ཞིག་གིས་ཚོན་རྡོ་མཐིང་གི་ཁ་ཤུན་ནམ་བར་ཤུན་ལ་ངོས་འཛིན་པ་དང་། འགའ་ཞིག་གིས་རྨྱུག་མ་གཞོན་ནུའི་ཕྱི་རྩི་གྲིས་བཞར་བ་ལ་ངོས་འཛིན་པར་མཆིས་ཀྱང་། རང་ལུགས་རྩ་སྦྱོང་དང་རྡེ་ནད་ཀྱི་སྐབས་སུ་མཐིང་རྡོའི་ཕྱི་རྩིའམ་བར་ཤུན་དང་། མོ་ནད་སྐབས་རྨྱུག་མ་གཞོན་ནུའི་ཕྱི་རྩི་ཡིན་པས་སྐབས་ཐོབ་བྱའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan