- da tshur/
- ID:
- T88186
- ད་ཚུར (Tibetan, Tibetan script, Original)
- > da tshur/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > datsur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
6. Thupten Phuntsok Dictionary
(1)ཚུར་དཀར་གྱི་མིང་གི་རྣམ་གྲངས་ཤིག (2)རང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན་གྱི་ཡོད་པ་དང་། རྒྱུན་དུ་མེ་རིའི་བྲག་དང་། ཚུར་རིགས་གཞན་ཡོད་པའི་ས་ཆ་བཅས་སུ་གནས་པའི་ལུའུ་སོན་ཡན་ཞེས་པའི་རིགས་ཀྱི་གཏེར་དངོས་སམ་ཚུར་རིགས་ཏེ། དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད་ཀྱང་ཕལ་ཆེར་ངོས་དྲུག་པའམ། ངོས་བརྒྱད་པ། ཟུར་ལྔ། ངོས་གཉིས་བཅས་ཅི་རིགས་ལ་ཁ་དོག་ཧབ་མེད་དྭངས་ཤིང་འགའ་ཞིག་ཅུང་ཟད་དཀར་ལ་འཐིབ་པ། བཅག་ཁ་ཤེལ་འོད་དང་ལྡན་ཞིང་མི་སྙོམས་པ་སོགས། གྲུབ་ཆ་གཙོ་བོ་KAI (SOOཡིན་པ་དང་། སྲ་ཚད་2~3.5겮དང་བསྡུར་ལྗིད་ཁེ2པ་། མཁྲེགས་ཤིང་ཁྲོབ་ལ་བཏུལ་སླ་བ། བཏུལ་ན་ཕྱེ་མ་དཀར་པོར་འགྱུར་བ། ཆུར་འཇུ་སླ་ཞིང་། ཨ་རག་ཉིང་ཁུའི (ཆུ་མ་འདྲེས་པའི) ནང་མི་འཇུ་བ། མྱང་ན་ཅུང་ཟད་མངར་ཞིང་བསྐ་ལ་སྐྱུར་བའོ། །རོ་བསྐ་སྐྱུར། ཞུ་རྗེས་བསིལ། ནུས་པས་ཁ་ནད་སེལ་ཞིང་ཁ་དྲི་སྦྱོངས། རུས་པའི་ནད་སེལ། རྨ་སོགས་རུལ་བ་གཅོད་ཅིང་རྨ་ཚད་སེལ།
- language:
- Tibetan