Skip to main content Skip to search
dam tshig gi rtsa ba bcu bzhi dang mthun pa'i yan lag brgyad/
ID:
T89187
  • དམ་ཚིག་གི་རྩ་བ་བཅུ་བཞི་དང་མཐུན་པའི་ཡན་ལག་བརྒྱད (Tibetan, Tibetan script, Original)
    • > dam tshig gi rtsa ba bcu bzhi dang mthun pa'i yan lag brgyad/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > damtsik gitsa bachu zhidang tünpé yenlakgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

the 8 branch samayas according w the 14 root samayas CHN

language:
English

2. dung dkar bod rig pa'i tshig mdzod chen mo

དབང་མ་ཐོབ་ཅིང་ཐོབ་ཀྱང་ཉམས་པས་དམ་ཚིག་མེད་པ། གསང་མི་ཐུབ་པ། རང་ཉིད་ལ་མི་དད་ཅིང་མཚན་ཉིད་མི་ལྡན་པའི་རིག་མ་བསྟེན་པ་དང་པོ། འདི་ནི་གཙོ་བོར་ཁྱིམ་པ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པ། ཚོགས་འཁོར་གྱི་སྐབས་སུ་གྲལ་དང་བཟའ་བཏུང་ལ་རྩོད་པས་མཚོན་དཀྱིལ་འཁོར་སྒྲུབ་མཆོད་སྦྱིན་སྲེག་རབ་གནས་སོགས་སྔགས་ཀྱི་སྤྱོད་པའི་དུས་སུ་འཁྲུག་ལོང་བསྐྱེད་པ་གཉིས་པ། རྒྱུད་ནས་མ་གསུངས་ཤིང་སྨད་པའི་རིག་མ་ལས་ཕྱི་ནང་གི་དམ་ཚིག་བདུད་རྩི་བླངས་ན་གསུམ་པ། དད་པ་དང་ལྡན་པས་གདམས་ངག་ཞུས་པའི་དུས་ལ་ལོངས་སྤྱོད་མེད་པའམ། དཔེ་མཁྱུད་ཀྱིས་མི་སྟོན་པ་བཞི་པ། གཞན་གྱིས་ཆོས་ཀྱི་དྲི་བ་དྲིས་པ་ལ་ལན་མི་སྟོན་པར་ཀུ་རེ་རྩེད་མོའི་གཏམ་སྨྲ་བའམ་སྔགས་དྲིས་པ་ལ་ཆོས་བཤད་པ་ལྟ་བུ་ལྔ་པ། ཐེག་ཆེན་ལ་མི་དད་པའི་ཉན་ཐོས་ཀྱི་སྡེའི་ནང་དུ་ཞག་བདུན་འདས་པར་འདུག་པ་དྲུག་པ། གསང་སྔགས་ཕྱི་ནང་གཞན་གསུམ་དང་ཟུང་འཇུག་གི་རྣལ་འབྱོར་མི་ཤེས་ཀྱང་ཕྱིའི་བྱ་བ་དང་བསྐྱེད་རིམ་ཙམ་ཤེས་པས་ང་ནི་སྔགས་འཆང་རྡོ་རྗེ་འཛིན་པའོ་ཞེས་མངོན་པའི་ང་རྒྱལ་གྱིས་རློམས་པ་བདུན་པ། སློབ་མ་རིན་པོ་ཆེ་ལྟ་བུ་ལ་སློབ་བཤད་། ཙནྡན་ལྟ་བུ་སོགས་ལ་ཚོགས་བཤད། སྣོད་དང་མི་ལྡན་པ་ལ་ཐུན་མོང་ཙམ་འཆད་དགོས་པ་ལ་དེ་ལས་ལྡོག་སྟེ་གསང་བ་བསྒྲགས་པ་རྣམས་ནི་བརྒྱད་པའོ།འོ།།

language:
Tibetan