- dar mo sman rams pa blo bzang chos grags/
- ID:
- T89459
- དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས (Tibetan, Tibetan script, Original)
- > dar mo sman rams pa blo bzang chos grags/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > darmo menram palo zangchödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
the physician Lobsang Chograk [b 11th rabjung, rgyal dbang 5th ngag dbang བློ་བཟང་རྒྱ་མཚོ་'s personal physician, rtse pho brang dmar po'i lha dbang lcog gam shar chen lcog tu medicine gi slob grva gnyer; on the four medical tantras, the དཔལ་ལྡན་རྒྱུད་བཞི་'i intention 'chang rtsod rtsom gsum gnang, gsung rtsom yang gangs ri'i khrod kyi sman gyi man ngag rnams gcig tu bsdus par grags pa'i bka' rgya ma dang, g.yu thog new and old gi rnam thar etc. very many]
- language:
- English
-
the physician Lobsang Chograk
- language:
- English
2. bod rgya tshig mdzod chen mo
[1252] རབ་བྱུང་བཅུ་གཅིག་པའི་ནང་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་གི་སློབ་གྲྭ་གཉེར་ཏེ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་འཆང་རྩོད་རྩོམ་གསུམ་གནང། གསུང་རྩོམ་ཡང་གངས་རིའི་ཁྲོད་ཀྱི་སྨན་གྱི་མན་ངག་རྣམས་གཅིག་ཏུ་བསྡུས་པར་གྲགས་པའི་བཀའ་རྒྱ་མ་དང། གཡུ་ཐོག་གསར་རྙིང་གི་རྣམ་ཐར་སོགས་ཤིན་ཏུ་མང། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དར་མོ་སྨན་རམས་པ་མཆོག་ནི་ལྷོ་ཁ་ཡར་ལུང་ཤར་དར་མོའི་ཡུལ་དུ་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་སུ་རབ་བྱུང་བཅུ་གཅིག་པའི་ས་སྟག(༡༦༣༨)ལོར་སྐུ་བལྟམས། ཐོག་མར་ལྷ་ས་སྐྱིད་ཚལ་ཀླུ་སྦུག་གླིང་དུ་བཞུགས་ནས་སློབ་གཉེར་མཛད་ཅིང་། དེ་རྗེས་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གི་ཐོ་བཙུན་གྱི་གྲས་སུ་ཚུད་རྗེས་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང་། དྲང་སྲོང་བསྟན་འཛིན་དར་རྒྱས་སོགས་སློབ་དཔོན་བཅུ་ཕྲག་འགའི་ཞབས་ལ་གཏུགས་ནས་གསོ་དཔྱད་ཀྱིས་མཚོན་རིག་པའི་གནས་ཀུན་སྦྱང་བརྩོན་པ་དཔྱིད་ཕྱིན་པ་མཛད་པས་སྨན་རམས་པའི་མཚན་ཐོབ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་སྐུའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་སློབ་གྲྭའི་སློབ་དཔོན་གནང་ནས་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་འཆད་རྩོད་རྩོམ་གསུམ་མཛད། རྗེ་འདི་ཉིད་ཀྱིས་འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ཞེས་པ་མིག་བཅོས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེ་ལས་མིག་འབྱེད་ཀྱི་ཡོན་རྩལ་སྦྱངས་པས་འགྲོ་ཕན་འཕེལ་བར་གྱུར། ལྔ་པ་ཆེན་པོ་དགུང་ལོ་ལྔ་བཅུ་ང་དགུ་བཞེས་སྐབས་སྤྱན་ཟུང་གི་འགྲིབ་སྨིན་པར་གཤེགས་བཅོས་གནང་བ་ལེགས་གྲུབ་བྱུང།ང་། མིའི་རུས་དུམ་སྐོར་དཔྱད་པ་གནང་ཆེད་ཕུང་པོ་བཤག་ལས་མཛད་དེ་རུས་པ་རེ་རེ་བཞིན་གཏན་ལ་ཕབ། སྡེ་སྲིད་མཆོག་གིས་ཁོང་ནི་སྨན་པའི་རྒྱུ་དྲུག་གི་ཡོན་ཏན་ལྡན་ཞིང།ང་། འདི་ཕྱིའི་ལེགས་ཚོགས་འབྱུང་བའི་སྨན་བླ་གཉིས་པ་ལྟ་བུ་ཡིན་འདུག་ཅེས་བསྔགས་བརྗོད་ཆེན་པོས་མངོན་པར་བསྟོད། དམ་པ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་དགོངས་དོན་ལ་འཆད་རྩོད་གསུམ་གྱིས་དུས་འདའ་བར་མལཛད་ནས་བསྟན་འགྲོར་སྨན་པའི་ཕྱག་བཞེས་དུ་མ་གནང་བ་སོགས་ལ་གོང་ས་ཆེན་པོས་གཟིགས་པ་ཆེས་ཆེར་མཛད། གསུང་རྩོམ་ཡང་ཡང་གངས་རིའི་ཁྲོད་ཀྱི་སྨན་གྱི་མན་ངག་རྣམས་གཅིག་ཏུ་བསྡུས་པར་གྲགས་པའི་《བཀའ་རྒྱ་མ》དང་། 《མན་རྒྱུད་འགྲེལ་ཆེན་ལེགས་བཤད་གསེར་རྒྱན་》 《བཤད་རྒྱུད་སྡོང་འགྲེམས་ལེགས་བཤད་གསེར་རྒྱན་ཐུར་མ》 《རྣམ་བཀྲ་གསེར་གྱི་གན་མཛོད》 《བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད》《རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ》 《ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན》 《གཡུ་ཐོག་གསར་རྙིང་གི་རྣམ་ཐར》སོགས་ཚད་ལྡན་གྱི་གཞུང་འགྲེལ་དང་མན་ངག་ལག་ལེན་བཅས་ཕྱོགས་གང་ཅིའི་ཐད་ཀྱི་སྨན་གཞུང་མང་པོ་ལྗགས་རྩོམ་གནང་བས་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་འགྲེལ་དང་། ནད་ཐོག་གི་ལག་ལེན། སྨན་གྱི་ངོས་འཛིན། སྦྱོར་ཚད། ལས་སྣོན་བྱ་ཐབས་སོགས་ལ་ཕན་བསྐྱེད་ཆེས་ཆེར་ཐོན། དངོས་སློབ་སྨན་རམས་པ་བློ་གྲོས་ཆོས་འཕེལ་ཞེས་པ་སོགས་མཁས་པ་མང་པོ་ཐོན་ཏེ་འགྲོ་ཕན་རྒྱ་ཆེར་བྱུང་སྟབས་བོད་དབུས་གཙང་དང་། མཚོ་སྔོན། མདོ་སྨད། ཐ་ན་སོག་ཡུལ་བཅས་པར་མཁས་དབང་འདི་ཉིད་ཀྱི་སྙན་གྲགས་ཁྱབ། དེ་ནས་དགུང་གྲངས་དོན་གསུམ་ལ་ཕེབས་སྐབས་རྭ་སྒྲེང་བྱང་ཆུབ་གླིང་གི་མཁན་པོ་མཛད་ནས་སྐུ་ཚེ་ཡང་རིང་དུ་བཞུགས་མོད་དགོངས་རྫོགས་ཀྱི་ཚེས་ཆ་གསལ་པོ་མ་རྙེད།
- language:
- Tibetan
4. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ནང་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་གི་སློབ་གྲྭ་གཉེར་ཏེ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་འཆད་རྩོད་རྩོམ་གསུམ་གནང་། གསུང་རྩོམ་ཡང་གངས་རིའི་ཁྲོད་ཀྱི་སྨན་གྱི་མན་ངག་རྣམས་གཅིག་ཏུ་བསྡུས་པར་གྲགས་པའི་བཀའ་རྒྱ་མ་དང་། གཡུ་ཐོག་གསར་རྙིང་གི་རྣམ་ཐར་སོགས་ཤིན་ཏུ་མང་།
- language:
- Tibetan
5. smon lam tshig mdzod chen mo
རབ་བྱུང་བཅུ་གཅིག་པའི་ནང་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་གི་སློབ་གྲྭ་གཉེར་ཏེ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་འཆང་རྩོད་རྩོམ་གསུམ་གནང༌། གསུང་རྩོམ་ཡང་གངས་རིའི་ཁྲོད་ཀྱི་སྨན་གྱི་མན་ངག་རྣམས་གཅིག་ཏུ་བསྡུས་པར་གྲགས་པའི་བཀའ་རྒྱ་མ་དང༌། གཡུ་ཐོག་གསར་རྙིང་གི་རྣམ་ཐར་སོགས་ཤིན་ཏུ་མང༌།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཏུ་མི་གསལ་ཡང་རབ་བྱུང་བཅུ་གཅིག་པའི་ནང་དུ(སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྟོད་ཙམ)གཡོན་རུ་དར་མོའི་ཡུལ་དུ་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་སུ་སྐུ་འཁྲུངས་པར་ངེས། ཁོང་གིས་གླིང་སྟོད་ཉི་ཐང་བློ་བཟང་རྒྱལ་མཚན་དང་། དྲང་སྲོང་བསྟན་འཛིན་དར་རྒྱས་གཙོས་རྒྱ་བོད་སློབ་དཔོན་བཅུ་ཕྲག་བཞི་ལྷག་ལ་བསྟེན་ནས་གསོ་བ་རིག་པའི་སྤྱི་དོན་གྱི་ཁོག་ཕུག་དང་། གཞུང་དོན་མཐའ་བཅད། མན་ངག་ལག་ལེན་གྱི་གནད་དང་བཅས་པ་མཐའ་དག་ཁོང་དུ་ཆུད་པར་གསན་ནས་མཁས་པའི་ཡང་རྩེར་སོན་པར་གྱུར། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་བླ་སྨན་པ་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་གསོ་རིག་གི་སློབ་གྲྭ་གཉེར་ནས་སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་དགོངས་དོན་འཆད་རྩོད་རྩོམ་གྱིས་དུས་འདའ་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མེར་མོ་བ་བློ་བཟང་ཆོས་འཕེལ་དང་། ལ་ར་བ་བློ་བཟང་དོན་ལྡན་གཉིས་ཡིན། ཁོང་[821]གི་གསུང་རྩོམ་ནི《མན་ངག་བཀའ་རྒྱ་མ》དང་། 《མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན》། 《ཕྱི་མ་རྒྱུད་ཀྱི་ཆུ་མདོ་མན་ངག་གི་དཀའ་གནད་རྡོ་རྗེའི་མདུད་བཀྲོལ》། 《བཤད་རྒྱུད་ཀྱི་སྡོང་འགྲེམས་འབྲུ་འགྲེལ་ལེགས་བཤད་གསེར་གྱི་ཐུར་མ》སོགས་ལེགས་བཤད་རྨད་དུ་བྱུང་བ་སྣ་ཚོགས་བཞུགས་སོ། །
- language:
- Tibetan