- dur khrod du gnas pa'i phyogs skyong brgyad/
- ID:
- T90355
- དུར་ཁྲོད་དུ་གནས་པའི་ཕྱོགས་སྐྱོང་བརྒྱད (Tibetan, Tibetan script, Original)
- > dur khrod du gnas pa'i phyogs skyong brgyad/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > durtrö duné pechok kyongyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
the charnel ground-dwelling protectors of the 8 directions CHN
- language:
- English
2. dung dkar bod rig pa'i tshig mdzod chen mo
ཤར་དུ་བརྒྱ་བྱིན་དཀར་པོས་གླང་པོ་ཆེར་བཞོན་པའི་རྡོ་རྗེ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོས་ཆུ་སྲིན་བཞོན་པའི་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོས་རྟ་དམར་བཞོན་པའི་དབྱུག་ཏོ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོས་ར་སྐྱེས་དཀར་པོ་བཞོན་པའི་བགྲང་ཕྲེང་དང་རིལ་བ་སྤྱི་བླུག་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་བཞོན་པའི་རལ་གྲི་ཐོགས་པ། ནུབ་བྱང་དུ་རླུང་ལྷ་ལྗང་སྔོ་ཤ་བ་བཞོན་པའི་བ་དན་འཕྱར་བ། བྱང་ཤར་དུ་དབང་ལྡན་དཀར་པོས་ཁྱུང་མཆོག་བཞོན་པའི་རྩེ་གསུམ་འཛིན་པ། ཞེས་བརྒྱན་ཞིང་རང་རང་རིག་མས་གཡོན་ནས་འཁྱུད་པའོ།འོ།།
- language:
- Tibetan