- de kho na nyid du grub pa/
- ID:
- T91230
- དེ་ཁོ་ན་ཉིད་དུ་གྲུབ་པ (Tibetan, Tibetan script, Original)
- > de kho na nyid du grub pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dekhonanyidu druppa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: established as [the object's own] suchness; existence as [its own] suchness
Sanskrit: tattva-siddhi
one of the eight types of object of negation (dgag bya) in the Prāsaṅgika system (and one of five in the Svātantrika system); for others see: dgag bya
- language:
- English
3. dung dkar bod rig pa'i tshig mdzod chen mo
བདེན་པར་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པའམ་གཤིས་ལུགས་སུ་གྲུབ་པ་རྣམས་མིང་བཏགས་ཚུལ་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་པ་ཐལ་འགྱུར་བས་ཁས་བླངས་པ་ཡིན་པས་རང་ལུགས་ཐལ་འགྱུར་བའི་རྗེས་སུ་འབྲང་དགོས་པ་ཡིན། བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་བདེན་པར་གྲུབ་པའི་ཚད་ཡིན། དེ་ལྟར་བདེན་པར་གྲུབ་པའི་ཚད་དུ་ཐལ་རང་གཉིས་ཀས་ཁས་བླངས་ཀྱང་འཇོག་བྱེད་བློ་ལ་ངོས་འཛིན་མི་འདྲ་བ་ཡིན། རང་རྒྱུད་པས་བློ་གནོད་མེད་ཅིག་ལ་ངོས་འཛིན་པ་ཡིན། ཐལ་འགྱུར་བས་དེ་འདྲའི་བློ་གནོད་མེད་གཏན་ནས་མི་སྲིད་པས་ཞེན་ཡུལ་ལ་འཁྲུལ་བའི་བློས་ཀྱང་ཡུལ་འཇོག་ཐུབ་པར་ཁས་བླངས་པ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
བདེན་པར་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པའམ་གཤིས་ལུགས་སུ་གྲུབ་པ་རྣམས་མིང་བཏགས་ཚུལ་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་པ་ཐལ་འགྱུར་བས་ཁས་བླངས་པ་ཡིན་པས་རང་ལུགས་ཐལ་འགྱུར་བའི་རྗེས་སུ་འབྲང་དགོས་པ་ཡིན། བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་བདེན་པར་གྲུབ་པའི་ཚད་ཡིན། དེ་ལྟར་བདེན་པར་གྲུབ་པའི་ཚད་དུ་ཐལ་རང་གཉིས་ཀས་ཁས་བླངས་ཀྱང་འཇོག་བྱེད་བློ་ལ་ངོས་འཛིན་ཚུལ་མི་འདྲ་བ་ཡིན། རང་རྒྱུད་པས་བློ་གནོད་མེད་ཅིག་ལ་ངོས་འཛིན་པ་ཡིན། ཐལ་འགྱུར་བས་དེ་འདྲའི་བློ་གནོད་མེད་གཏན་ནས་མི་སྲིད་པས་ཞེན་ཡུལ་ལ་འཁྲུལ་བའི་བློས་ཀྱང་ཡུལ་འཇོག་ཐུབ་པར་ཁས་བླངས་པ་ཡིན།
- language:
- Tibetan