Skip to main content Skip to search
de sho legs/
ID:
T91962
  • དེ་ཤོ་ལེགས (Tibetan, Tibetan script, Original)
    • > de sho legs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > desholek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

son of ae sho legs and rmu lcam bra ma na, 11th king of Tibet 1 of the sa'i legs drug

language:
English

2. bod rgya tshig mdzod chen mo

[1290] ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས། སྔར་བོད་རྒྱལ་བཅུ་གཅིག་པ་སྟེ་སའི་ལེགས་དྲུག་གི་ཡ་གྱལ་ཞིག་...

language:
English

3. dung dkar bod rig pa'i tshig mdzod chen mo

(ཤོ་ལེགས་བཙན་པོ་ཞེས་པའང་སྣང)བོད་རྒྱལ་བཅུ་གཅིག་པ། ལེགས་དྲུག་གི་ཡ་གྱལ། ཡབ་ཨེ་ཤོ་ལེགས་དང་ཡུམ་རྨུ་ལྕམ་བྲ་མ་ནའི་སྲས། བོན་དཔོན་གསས་མུན་སྤངས་བསྟེན། ལྷ་བོན་ཅོ་སྟག་ཀླུ་གསས་ཀྱིས་བྱས། ཀླུ་སྨན་མེར་མོའམ་ཀླུ་ལྕམ་མེར་མ་ཁབ་ཏུ་བཞེས་པར་སྲས་ཐི་ཤོ་ལེགས་འཁྲུངས།

language:
Tibetan

4. Thupten Phuntsok Dictionary

ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས། སྔར་བོད་རྒྱལ་བཅུ་གཅིག་པ་སྟེ་སའི་ལེགས་དྲུག་གི་ཡ་གྱལ་ཞིག

language:
Tibetan

5. smon lam tshig mdzod chen mo

ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས། སྔར་བོད་རྒྱལ་བཅུ་གཅིག་པ་སྟེ་སའི་ལེགས་དྲུག་གི་ཡ་གྱལ་ཞིག

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་པོ་ཨེ་ཤོ་ལེགས་དང་། ཡུམ་དམུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས་ “སྐུ་གཤེན་མི་མོ་ཆུང་གིས་མཛད་ཅིང་། གསས་ཁང་ཁོ་མ་ཡང་རྩེ་བཞེངས།” ཞེས་དང་། སྐུ་མཁར་རྒོད་རྩེ་བཞེངས་ནས་བཙུན་མོ་ཀླུ་སྨན་མེར་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་གུ་རུ་ལེགས་སྐུ་འཁྲུངས། ཁོང་གི་བང་སོ་གཡའ་སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་གཉིས་པ་ཡིན་ནོ། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས་ “བོན་དབོན་གསས་མུན་སྤངས་བསྟེན། ལྷ་བོན་ཅོ་སྟག་ཀླུ་གསས་ཀྱིས་བྱས།” ཞེས་འཁོད་འདུག

language:
Tibetan