Skip to main content Skip to search
deb ther sngon po/
ID:
T92053
  • དེབ་ཐེར་སྔོན་པོ (Tibetan, Tibetan script, Original)
    • > deb ther sngon po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > depter ngönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Blue Annals; composed by 'gos lo tsa ba between 1476 and 1478. by འགོས་ཀློ་ཙ་བ་གཞོན་ནུ་དཔལ་ [1392 - 1481]

language:
English

2. Ives Waldo Dictionary

  • Blue annals [by འགོས་ཀློ་ཙ་བ་གཞོན་ནུ་དཔལ་R]

    language:
    English
  • Blue annals (by འགོས་ཀློ་ཙ་བ་གཞོན་ནུ་དཔལ་ ['gos lo ye bzang rtse ba gzhon nu dpal, 8th fire monkey to earth dog, dge lugs ma dar gong gi grub mtha' so so dang, brgyud pa'i lo rgyus, bstan rtsis kyi lo tsigs phra zhib bcas pa 15 ch bkod pa'i lo rgyus khungs ldan zhig yin, par shing sngar zhva dmar pa'i yangs pa can dgon par yod kyang, phyis su kun bde gling du spos,...(1392-1481)...1476-1478.-392 - 1481] gnyis las phyi rabs glang dar man chad gtso bor bstan cing, lhag par du sa skya pa dang phag gru gnyis 'phel 'grib bam dar rgud kyi lo rgyus rgyas par bkod yod, gsung 'bum gyi dza bam du shog grangs brgya dang bcu gsum yod, pe cin mi rigs dpe skrun khang gis kyang lcags par du bskrun yod,... (1617-1682)...1643...Dza..

    language:
    English
  • Blue annals

    language:
    English

3. Jim Valby Dictionary

historical work by gzhon nu dpal, blue annals by 'gos lo tsa ba gzhon nu dpal, Blue Annals written by gzhon nu dpal (1392-1481)

language:
English

4. bod rgya tshig mdzod chen mo

[1291] འགོས་ལོ་ཡེ་བཟང་རྩེ་བ་གཞོན་ནུ་དཔལ་གྱིས་རབ་བྱུང་བརྒྱད་པའི་མེ་སྤྲེལ་ནས་ས་ཁྱི་ལོའི་བར་ལ་བརྩམས། དགེ་ལུགས་མ་དར་གོང་གི་གྲུབ་མཐའ་སོ་སོ་དང། བརྒྱུད་པའི་ལོ་རྒྱུས། བསྟན་རྩིས་ཀྱི་ལོ་ཚིགས་ཕྲ་ཞིབ་བཅས་པ་ལེའུ་བཅོ་ལྔར་བཀོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན། པར་ཤིང་སྔར་ཞྭ་དམར་པའི་ཡངས་པ་ཅན་དགོན་པར་ཡོད་ཀྱང། ཕྱིས་སུ་ཀུན་བདེ་གླིང་དུ་སྤོས། ... ༼1392-1481༽ ... 1476-1478...

language:
English

5. dung dkar bod rig pa'i tshig mdzod chen mo

དེབ་ཐེར་འདི་ཉིད་རྩོམ་པ་པོ་ནི་མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་ཞེས་བོད་ས་གནས་ཡོངས་དང་རྒྱ་གར་བལ་ཡུལ་བཅས་སུ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན་ཅིང།ང་། དེའི་འཁྲུངས་འདས་སོགས་མཛད་རྣམ་ཞིབ་ཕྲ་གོང་དུ་ག་སྡེའི་འགོས་ཞེས་པའི་ནང་སོང་ཟིན་པས་སྐྱར་ཟློས་མ་དགོས་པ་དང།ང་། དེབ་ཐེར་སྔོན་པོ་འདི་ནི་དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་མེ་སྤྲེལ(༡༤༧༦)ལོའི་ལོ་འམཇུག་ཏུ་མཇུག་རྫོགས་པར་མཛད། དརདེབ་ཐེར་འདི་མཛད་ནས་ལོ་ངོ་བཞི་སོང་བ་རབ་བྱུང་བརྒྱད་པའི་ལྕགས་གླང(༡༤༨༡)ལོར་སྐུ་གཤེགས་ཤིང།ང་། ལོ་དེར་ལོ་ཆེན་བསོད་ནམས་རྒྱ་མཚོས་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ལ་བསྐུལ་མ་གནང་བ་ལྟར་ཁོང་གིས་རྒྱུ་ཡོན་སྦྱར་ཏེ་དོལ་ལྷུན་གྲུབ་ལྷ་རྩེར་དཔར་བསྐྲུན་གྱི་མ་ཡིག་བྲིས་ཐོག་གཉལ་ཆོས་རྒྱལ་ལྷུན་པོར་དངོས་སུ་དཔར་བསྐྲུན་བྱས་ཏེ་ཡངས་པ་ཅན་གྱི་དགོན་པར་བཞུགས་སུ་གསོལ་བ་ལས། རབ་བྱུང་བཅུ་གསུམ་པའི་ཆུ་གླང(༡༧༩༣)ལོར། ཀརྨ་ཞྭ་དམར་བ་ཆོས་གྲུབ་རྒྱ་མཚོས་སྣེ་ཁྲིད་བྱས་པའི་གོར་ཥ་བཙན་འཛུལ་དམག་གིས་བོད་ལྗོངས་སུ་བཙན་འཛུལ་བྱས་པའི་དམག་དཔུང་གཏོར་ཕམ་བཏང་ནས་ཡངས་པ་ཅན་གྱི་དགོན་པ་དགེ་ལུགས་དགོན་པར་བསྒྱུར་རྗེས། དེབ་ཐེར་འདིའི་དཔར་ཤིང་རྣམས་ཡངས་པ་ཅན་ནས་ཀུན་བདེ་གླིང་དུ་སྤོས་ཤིང།ང་། དེ་སྐབས་དཔར་ཤིང་ནང་ཁག་གཅིག་མ་ཚང་བ་ཕུད་མང་ཆེ་བ་མ་ཉམས་པར་བསྡད་ཡོད། དེབ་ཐེར་འདིའི་ནང་དོན་དང་ཁྱད་ཆོས་སོགས་ཀྱི་སྐོར་ངོ་སྤྲོད་རགས་ཙམ་ཞུས་ན། ༡.དེབ་ཐེར་སྔོན་པོ་འདི་ནི་བོད་གནའ་རབས་ཀྱི་ལོ་རྒྱུས་ཡིག་ཆ་གྲགས་ཅན་མང་པོའི་ནང་ནས་ཁུངས་བཙུན་བཙན་པ་དང།ང་། དཔྱད་གཞིའི་རྣམ་གྲངས་མང་བ། ལོ་གྲངས་ཁ་གསལ་བ། སྡེ་ཚན་སོ་སོ་ནས་འཚོལ་བདེ་བ་བཅས་ཀྱི་དགེ་མཚན་མང་པོ་ལྡན་ཡོད་པ་མ་ཟད། རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་ཡང་མདོ་སྔགས་རིག་གནས་ཆོས་ལུགས་གྲུབ་མཐའ་ཐམས་ཅད་མཁས་ཤིང་བྱང་ཆུབ་པས་དུས་སྐབས་དེའི་བོད་ཀྱི་མཁས་པ་མང་ཆེ་བས་ཐམས་ཅད་མཁྱེན་པ་འགོས་ལོ་གཞོན་ནུ་དཔལ་ཞེས་མགྲིན་གཅིག་ཏུ་བསྟོད་བསྔགས་བྱེད་ཀྱི་ཡོད་པ་དང།ང་། ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་ཡིག་ཆ་ཐམས་ཅད་ལ་གཟིགས་རྒྱ་ཆེ་ཐོག།ག དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་རྗེས་ལོ་ངོ་གསུམ་གྱི་རིང་རང་ཉིད་ཀྱི་ཕྱག་ཏུ་ཡོད་པའི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་ལ་ཞིབ་གཟིགས་བརྟག་དཔྱད་གནང་སྟེ་བརྩམས་པར་མཛད་པ་ཞིག་ཡིན་སྟབས་སྔོན་དང་དེང་རབས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་མང་ཆེ་བས་ཚད་མར་འཛིན་ཅིང་གདེང་འཇོག་མཐོ་བའི་དཔྱད་གཞིའི་ཡིག་ཆ་ཧ་ཅང་ལེགས་པོ་ཞིག་ཡིན། ༢.དེབ་ཐེར་སྔོན་པོ་དེ་ལ་སྔ་རབས་ཀྱི་ལོ་རྒྱུས་ཡིག་ཆ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་བཞི་ཡོད། གཅིག།ག སྐབས་དེར་ཁོང་གིས་གཟིགསང་མྱོང་བའི་དཔྱད་གཞིའི་ཡིག་ཆའི་རིགས་ལ་བཤད་ཚུལ་མི་འདྲ་བ་ཡོད་པ་རྣམས་སྐབས་སུ་གང་བབས་ཀྱིས་ཐད་ཀར་བཀོད་པ་ལས། དེ་དག་ལ་དགག་སྒྲུབ་ཀྱི་སྤྲོས་པ་མཛད་མེད་པ། གཉིས། དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མེད་པའི་ཐོག།ག རིགས་པས་ཀྱང་བསྒྲུབ་པར་དཀའ་བ་རྣམས་གཞན་གྱི་ཟེར་སྒྲོས་ཤོད་རྒྱུན་ཙམ་ལས་མེད་ཀྱང་བཏང་སྙོམས་སུ་འཇོག་པར་མཛད་པར་ཕྱི་རབས་མཁས་པ་རྣམས་ཀྱིས་སླར་ཡང་བརྟག་དཔྱད་བྱ་རྒྱུའི་དཔྱད་གཞིར་བཀོད་པ་གནང་ཡོད་པ། གསུམ། ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་ཐད་རང་རང་སོ་སོའི་ཆོས་འབྱུང་དང་རྣམ་ཐར་ནང་འཁོད་པ་གཞིར་བཟུང་ནས་འབྲི་གནང་མཛད་ཐོག་ཚང་མར་གདེང་འཇོག་མཐོན་པོའི་བསྟོད་བསྔགས་གནང་བ་མ་གཏོགས། རང་ཉིད་ཀྱི་གྲུབ་མཐའི་ཕྱོགས་བཟུང་ནས་གཞན་ལ་ཟུར་ཟ་དང་དམའ་འབེབས་ཀྱི་ཚིགས་གཏན་ནས་བཀོད་མེད་པའི་དབང་གིས་ཀློག་པ་པོ་ཚོས་བལྟས་ན་འགོས་ལོ་རང་ཉིད་ཀྱི་རྩ་བའི་གྲུབ་མཐའ་གང་ཡིན་གསལ་པོར་ཤེས་མི་ཐུབ་པ། བཞི། རང་ཉིད་ཀྱིས་བརྩམས་པའི་དེབ་ཐེར་འདི་ལ་རང་ཉིད་ཀྱིས་གདེང་འཇོག་མཛད་པ་ཧ་ཅང་དྲང་པོ་ཡིན་པ་སྟེ། དེབ་སྔོན་ལྕགས་དཔར་མའི་སྨད་ཆའི་ཤོག་གྲངས་༡༢༦༣པར་གསལ། རང་ཉིད་ཀྱིས་འབྲི་གནང་མཛད་པའོ་ལོ་རྒྱུས་མང་ཆེ་བ་ནི་སྔ་རབས་ཀྱི་ཡི་གེ་རྙིང་པ་གཞིར་བཟུང་ནས་བྲིས་པ་ཡིན་པས་ཡིད་ཆེས་བྱེད་པའི་ཁུངས་བཙན་ཡིན་པ་དང།ང་། དཔྱད་གཞི་ཁུངས་བཙན་མེད་པའི་རིགས་རྣམས་གཞན་གྱི་ཟེར་ཚོད་ཙམ་བྲིས་པ་མ་གཏོགས་རིགས་པས་བསྒྲུབ་ཐུབ་པ་མི་སྣང་ཞེས་གསལ་བར་གསུངས་ཡོད་པ་བཅས་ཡིན། གོང་དུ་གསལ་བའི་ཁྱད་ཆོས་དེ་དག་ནི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འབྲི་བར་མཁས་པའི་མཁས་པ་རྣམས་ཀྱི་སྤྱོད་ཚུལ་གཟབ་ནན་ཅན་ཞིག་ཡིན་པས་ཕྱི་རབས་པ་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་བཟང་པོ་ཞིག་ཡིན། ༣.དེབ་ཐེར་འདི་བརྩམས་པར་མཛད་སྐབས་ཀྱི་ལོ་རྒྱུས་ཆ་རྐྱེན་ནི་སྐབས་དེར་སྡེ་སྲིད་ཕག་མོ་གྲུ་པའི་ཁྲི་རབས་དགུ་པ་སྤྱན་སྔ་ངག་གི་དབང་པོས་སྲིད་དབང་བཟུང་སྟེ་ཕག་མོ་གྲུ་པ་ནང་ཁུལ་མི་མཐུན་པའི་འགལ་བའི་དབང་གིས་ནང་འཁྲུག་ཡང་ཡང་བྱུང་བ་དང།ང་། གོ་སྐབས་དེ་དང་བསྟུན་ནས་སྡེ་པ་རིན་སྤུངས་པ་ནོར་བུ་བཟང་པོས་གཙང་ཁུལ་གྱི་རྫོང་གཞིས་མང་པོ་བླངས་སྟེ་ཕག་མོ་གྲུ་བའི་སྲིད་དབང་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་ནས་རིང་པོར་མ་ལོན་པའི་སྐབས་སུ་འཁེལ་ཞིང།ང་། འགོས་ལོ་རང་ཉིད་དང་སྣེ་གདོང་སྡེ་སྲིད་ངོ་མའི་བར་ལ་ཡང་འབྲེལ་བ་ལེགས་པོ་མེད་པའི་རྐྱེན་གྱིས་ལོ་རྒྱུས་དེབ་ཐེར་འབྲི་བ་གནང་རྒྱུར་མཁོ་བའི་དཔྱད་གཞིའི་ཡིག་ཆ་ཧ་ཅང་མང་པོ་ཞིག་སྣེ་གདོང་ཕོ་བྲང་དུ་ཡོད་ཀྱང་འགོས་ལོ་རང་ཉིད་ཀྱི་ཕྱག་ཏུ་འབྱོར་རྒྱུར་འགོག་རྐྱེན་མང་པོ་འཕྲད་དེ་དགོང་ས་བཞེད་དང་མཐུན་པའི་དཔྱད་གཞིའི་ཡིག་ཆ་འཛོམས་པོ་ཞིག་མ་བྱུང་ཞིང།ང་། དེ་སྔོན་སྣེ་གདོང་སྡེ་སྲིད་ཁྲི་རབས་དྲུག་པ་དབང་གྲགས་པ་འབྱུང་གནས་ཀྱིས་སྲིད་དབང་བཟུང་སྐབས་འགོས་ལོ་རང་ཉིད་སྡེ་སྲིད་ངོ་མའི་དབུ་བླར་གྱུར་པ་དང།ང་། སྣེ་གདོང་ཕོ་བྲང་དང།ང་། གདན་ས་མཐིལ། རྩེད་ཐང་དགོན་པ་བཅས་གནའ་རབས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཧ་ཅང་སྣེ་འཛོམས་པོ་ཡོད་པས་དུས་སྐབས་དེར་ཁོང་གིས་དེབ་ཐེར་འདི་རྩོམ་འབྲི་གནང་ཐུབ་ན་ད་ཡོད་ཀྱི་དེབ་ཐེར་འདི་ལས་རྒྱས་ཙམ་ཞིག་ཡོང་རྒྱུ་ཡིན་ཡང།ང་། དེ་སྐབས་ཆོས་འཆད་སྤེལ་དང།ང་། གསུང་རྩོམ་གལ་ཆེན་མང་པོ་ཞིག་གནང་རྒྱུ་ཡོད་པ་དེས་གོ་སྐབས་འཕྲོག་ནས་དགུང་ལོ་མཐོན་པོར་མ་ཕེབས་བར་དུ་རྩོམ་འབྲི་གནང་མ་ཐུབ་པར་ལུས་ཤིང།ང་། འོན་ཀྱང་རང་ཉིད་སྐུ་ན་མཐོན་པོ་དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་ཡོད་ཀྱང་ད་དུང་སྐུ་ངལ་ལ་མའཛེམས་པར་དཔྱད་གཞིའི་ཡིག་ཆ་ཐབས་ཤེས་གང་ཡོད་ཀྱིས་འཚོལ་བསྡུ་དང་ཞིབ་གཟིགས་ཐོག།ག ལོ་ངོ་གསུམ་གྱི་རིང་འབད་བརྩོན་ཆེན་པོས་དེབ་ཐེར་འདི་འབྲི་བར་མཛད་དེ་རང་ཅག་ཕྱི་རབས་ཀྱི་མི་རྣམས་ལ་ལོ་རྒྱུས་ལྟ་བའི་ནོར་བུའི་བང་མཛོད་ལྟ་བུར་འཇོག་གནང་མཛད་པ་དེར་ང་ཚོས་སེམས་ཀྱི་གཏིང་ནས་བཀའ་དྲིན་དྲན་པའི་གུས་འདུད་དང་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། དེབ་ཐེར་འདི་ཕྱི་རྒྱལ་དུ་ཡང་སྙན་གྲགས་ཆེ་བ་ནི་སྤྱི་ལོ་༡༩༤༩ནས་༡༩༥༣ལོའི་བར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རོགས་རམ་གནང་བའི་འོག་ཨུ་རུ་སུའི་མི་རའོ་རིས་ཟེར་བ་དེས་དབྱིན་ཇིའི་ཡི་གེར་བསྒྱུར་ཏེ་དཔར་བསྐྲུན་བྱས་པ་དང།ང་། དེ་རྗེས་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་ཀྱི་རིག་པའི་ཐད་ལ་སྐད་གྲགས་ཡོད་པའི་ཨ་མེ་རི་ཀའི་མི་ཝུའི་ལི་ཟེར་བ་དེས་བོད་ཀྱི་ས་ཆའི་ཆགས་ཚུལ་ལ་ཞིབ་འཇུག་གནང་གི་ཡོད་པས་གོང་གསལ་དབྱིན་ཇིའི་ཡི་གེར་བསྒྱུར་བའི《དེབ་ཐེར་སྔོན་པོ》ནང་གསལ་བའི་ས་ཆའི་མིང་རྣམས་ཕྱོགས་བསྒྲིགས་དང་ཞིབ་དཔྱད་ནན་ཏན་བྱས་རྗེས་༡༩༥༧ལོར《དེབ་ཐེར་སྔོན་པོ་ལས་བྱུང་བའི་ས་མིང་ཟུར་བཀོལ་དཀར་ཆག》ཅེས་ཅས་པ་ཞིག་རྩོམ་སྒྲིག་བྱས་ཡོད། ལོ་རྒྱུས་ཞིབ་ཕྲ་འགོས་ལོ་རང་ཉིད་ཀྱི་དངོས་སློབ་སྐྱེས་མཆོག་པས་བརྩམས་པའི་རྣམ་ཐར《ཐམས་ཅད་མཁྱེན་པ་གཞོན་ནུའི་ཞབས་ཀྱི་རྣམ་པར་ཐར་པ》ཤོག་གྲངས་༧༣ཡོད་པ་མི་རིགས་ཕོ་བྲང་དུ་བཞུགས་པ་དེ་དང།ང་། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་བརྩམས་པའི《དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ》ས་སྐྱ་ལྷ་ཁང་ཆེན་མོའི་ནང་བཞུགས་པ་དེ་གཉིས་ནང་གསལ།

language:
Tibetan

6. Thupten Phuntsok Dictionary

འགོས་ལོ་ཡེ་བཟང་རྩེ་བ་གཞོན་ནུ་དཔལ་གྱིས་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོ་ནས་ས་ཁྱི་ལོའི་བར་ལ་བརྩམས། དགེ་ལུགས་མ་དར་གོང་གི་གྲུབ་མཐའ་སོ་སོ་དང་། བརྒྱུད་པའི་ལོ་རྒྱུས། བསྟན་རབས་ཀྱི་ལོ་ཚིགས་ཕྲ་ཞིབ་བཅས་པ་ལེའུ་བཅོ་ལྔར་བཀོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན། པར་ཤིང་སྔར་ཞྭ་དམར་པའི་ཡངས་པ་ཅན་དགོན་པར་ཡོད་ཀྱང་། ཕྱིས་སུ་ཀུན་བདེ་གླིང་དུ་སྤོས།

language:
Tibetan

7. smon lam tshig mdzod chen mo

འགོས་ལོ་ཡེ་བཟང་རྩེ་བ་གཞོན་ནུ་དཔལ་གྱིས་རབ་བྱུང་བརྒྱད་པའི་མེ་སྤྲེལ་ནས་ས་ཁྱི་ལོའི་བར་ལ་བརྩམས། དགེ་ལུགས་མ་དར་གོང་གི་གྲུབ་མཐའ་སོ་སོ་དང༌། བརྒྱུད་པའི་ལོ་རྒྱུས། བསྟན་རྩིས་ཀྱི་ལོ་ཚིགས་ཕྲ་ཞིབ་བཅས་པ་ལེའུ་བཅོ་ལྔར་བཀོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན། པར་ཤིང་སྔར་ཞྭ་དམར་པའི་ཡངས་པ་ཅན་དགོན་པར་ཡོད་ཀྱང༌། ཕྱིས་སུ་ཀུན་བདེ་གླིང་དུ་སྤོས།

language:
Tibetan