- deb ther dmar po/
- ID:
- T92055
- དེབ་ཐེར་དམར་པོ (Tibetan, Tibetan script, Original)
- > deb ther dmar po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > depter marpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Red Annals written by Tshal pa kun dga' rdo rje in 1346; by Kunga Dorje (1309-1364), (tshal pa si tu kun dga' rdo rje)
- language:
- English
2. Ives Waldo Dictionary
-
Red Annals [deb ther dmar po'i 1st hu lan deb gter, by tsal pa kun dga' rdo rje in the 6th fire dog year, Indian royal families and sh'akya'i gdung rabs &, Chinese rgyal rabs, mongolian rgyal rabs, T's btsan po rim byon and sa skya bas dbang bsgyur ba yan chad, T's arising of dharma skabs bzhi yod pa &, khyad par du rgya yig gi deb ther mang du drangs nas rgya bod bar gyi 'brel lam zhib tu bkod pa zhig yin, sngar bris ma thar thor las par ma med, de'i author tsal pa si tu dge ba'i blo gros yin par bshad tshul yang yod, peking mi rigs dpe skrun khang gis lcags par du bskrun yod, gzhan yang by pan chen bsod nams grags pa in the ninth earth dog yr sbyar ba'i kha skong ma deb ther dmar po new also.1346...(1478-1554)...(1538...]
- language:
- English
-
Red Annals
- language:
- English
3. Jim Valby Dictionary
The Red Annals (historical work written in 1346), Red Annals
- language:
- English
4. bod rgya tshig mdzod chen mo
[1292] དེབ་ཐེར་དམར་པོའི་དང་པོ་ཧུ་ལན་དེབ་གཏེར་ཞེས་བྱ་བ། ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི་ལོར་བརྩམས། རྒྱ་གར་གྱི་རྒྱལ་རབས་དང་ཤཱཀྱ་གདུང་རབས་དང། རྒྱ་ནག་གྱི་རྒྱལ་རབས། ཧོར་གྱི་རྒྱལ་རབས། བོད་ཀྱི་བཙན་པོ་རིམ་བྱོན་དང་ས་སྐྱ་བས་དབང་བསྒྱུར་བ་ཡན་ཆད། བོད་ཀྱི་ཆོས་འབྱུང་བཅས་སྐབས་བཞི་ཡོད་པ་དང། ཁྱད་པར་དུ་རྒྱ་ཡིག་གི་དེབ་ཐེར་མང་དུ་དྲངས་ནས་རྒྱ་བོད་བར་གྱི་འབྲེལ་ལམ་ཞིབ་ཏུ་བཀོད་པ་ཞིག་ཡིན། སྔར་བྲིས་མ་ཐར་ཐོར་ལས་པར་མ་མེད། དེའི་རྩོམ་པ་པོ་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཡིན་པར་བཤད་ཚུལ་ཡང་ཡོད། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ལྕགས་པར་དུ་བསྐྲུན་ཡོད། གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་རབ་བྱུང་དགུ་པའི་ས་ཁྱི་ལོར་སྦྱར་བའི་ཁ་སྐོང་མ་དེབ་ཐེར་དམར་པོ་གསར་མ་ཞེས་བྱ་བ་བྲིས་མ་ཞིག་ཀྱང་ཡོད། ... 1346... ༼1478-1554༽ ... ༼1538... ༽
- language:
- English
5. dung dkar bod rig pa'i tshig mdzod chen mo
འདི་ནི་ཚལ་པ་ཀུན་དགའ་རྡེ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི(༡༣༤༦)ལོར་བརྩམས་འགོ་ཚུགས་ཏེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་མཛད་པའི་ལོ་སྟེ་རབ་བྱུང་དྲུག་པའི་ཆུ་ཡོས(༡༣༦༣)ལོར་ལེགསཕེབས་པར་གྲུབ་ཅིང།ང་། དེབ་ཐེར་འདིར་དེ་སྔོན་བོད་ཀྱི་ལོ་རྒྱུས་མཁས་པ་རྣམས་ཀྱིས་ཧ་ཅང་མཐོང་ཆེན་གནང་གི་ཡོད་པ་མ་ཟད། འདིའི་ནང་གི《ཐང་དེབ》བོད་ཀྱི་སྐོར་གྱི་དུམ་བུ་དེ་ཡང་ཆ་ཚང་བ་དྲངས་ནས་ཐང་བོད་རྒྱལ་རབས་གཉིས་དུས་མཚུངས་བསྒྲིགས་པའི་དཔྱད་གཞིར་བཀོད་ཡོད་པ་དཔེར་ན་མཁས་དབང་འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》བོད་ཀྱི་རྒྱལ་རབས་ནང་གོང་གི་དུམ་བུ་ཆ་ཚང་དྲངས་ཡོད་པ་དང།ང་། དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན་[མ]པའི་ནང་ཁོང་རང་ཉིད་ཀྱིས་གཟིགས་པའི་དུམ་བུ་ཆ་ཚང་ཞིག་དྲངས་ཡོད་པ་ལྟ་བུ་དང།ང་། དེ་བཞིན་དེབ་ཐེར་འདིའི་དཔེ་བཤུས་མ་ཁག་མང་པོ་འཕེལ་རྒྱས་བྱུང་བ་བཅས་བོད་ཀྱི་ལོ་རྒྱུས་དང་ཐང་བོད་འབྲེལ་བའི་ཐད་ལ་རྟོག་ཞིབ་བྱེད་སྐབས་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཡིན། དེབ་ཐེར་འདིའི་ཐོག་མའི་ཁ་བྱང་དུ《དེབ་ཐེར་དམར་པོ་རྣམས་ཀྱི་དང་པོ་བཞུགས་སོ》ཞེས་འཁོད་པ་མ་ཟད། འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི་《ཚལ་གུང་ཐང་གི་དཀར་ཆག》ཏུ་ཡང《དེབ་ཐར་དམར་པོ》འདི་ལ་ལྷན་ཐབས་སུ《དེབ་ཐེར་མཁས་པའི་ཡིད་འཕྲོག》ཟེར་བ་ཞིག་ཡོད་ཅེས་འཁོད་པ་ལྟར་དེ་སྔོན་རིག་གནས་གསར་བརྗེ་ཆེན་པོའི་གོང་ལྗོངས་སྲིད་གྲོས་ཀྱི་ཕྱག་དཔེའི་གྲས་སུ《དེབ་ཐེར་དམར་པོའི་ཁ་སྐོང་མཁས་པའི་ཡིད་འཕྲོག》ཅེས་འཁོད་པའི་དཔེ་རིང་བྲིས་མ་ཞིག་ཁོ་བོས་མཐོང་མྱོང་བ་དེའི་ནང་དོན་ནི་ཐོག་མར་བོད་ཀྱི་རྒྱལ་རབས་བཀོད་པ་ཕལ་ཆེ་བ་ནི་གནད་བསྡུས་ཙམ་དང།ང་། ནང་དོན་གཙོ་བོ་གུང་ཐང་བླ་མ་ཞང་ནས་བཟུང་ཚལ་གུང་ཐང་གི་བླ་རབས་དང།ང་། དཔོན་དར་མ་གཞོན་ནུ་ནས་བཟུང་རིང་ཉིད་ཀྱི་ཡབ་སྨོན་ལམ་རྡོ་རྗེའི་བར་གྱི་ལོ་རྒྱུས་འཁོད་འདུག་པ་འདིའི་གྲས་ད་དུང་ཡོད་མེད་འཚོལ་ཞིབ་བྱེད་དགོས་པ་བཅས་ལོ་རྒྱུས་མདོར་བསྡུས་ཙམ་ཡིན།
- language:
- Tibetan
6. Thupten Phuntsok Dictionary
དེབ་ཐེར་དམར་པོའི་དང་པོ་ཧུ་ལན་དེབ་གཏེར་ཞེས་བྱ་བ། ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི་ལོར་བརྩམས། རྒྱ་གར་གྱི་རྒྱལ་རབས་དང་ཤཱཀྱའི་གདུང་རབས་དང་། རྒྱ་ནག་གི་རྒྱལ་རབས། ཧོར་གྱི་རྒྱལ་རབས། བོད་ཀྱི་བཙན་པོ་རིམ་བྱོན་དང་ས་སྐྱ་བས་དབང་བསྒྱུར་བ་ཡན་ཆད། བོད་ཀྱི་ཆོས་འབྱུང་བཅས་སྐབས་བཞི་ཡོད་པ་དང་། ཁྱད་པར་དུ་རྒྱ་ཡིག་གི་དེབ་ཐེར་མང་དུ་དྲངས་ནས་རྒྱ་བོད་བར་གྱི་འབྲེལ་ལམ་ཞིབ་ཏུ་བཀོད་པ་ཞིག་ཡིན། སྔར་བྲིས་མ་ཐར་ཐོར་ལས་པར་མ་མེད། དེའི་རྩོམ་པ་པོ་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཡིན་པར་བཤད་ཚུལ་ཡང་ཡོད། པེ་ཅིན་མི་རིགས་དཔེ་སྐྲུན་གང་གིས་ལྕགས་པར་དུ་བསྐྲུན་ཡོད། གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་རབ་བྱུང་དགུ་པའི་ས་ཁྱི་ལོར་སྦྱར་བའི་ཁ་སྐོང་མ་དེབ་ཐེར་དམར་པོ་གསར་མ་ཞེས་བྱ་བ་བྲིས་མ་ཞིག་ཀྱང་ཡོད།
- language:
- Tibetan
7. smon lam tshig mdzod chen mo
དེབ་ཐེར་དམར་པོའི་དང་པོ་ཧུ་ལན་དེབ་གཏེར་ཞེས་བྱ་བ། ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི་ལོར་བརྩམས། རྒྱ་གར་གྱི་རྒྱལ་རབས་དང་ཤཱཀྱའི་གདུང་རབས་དང༌། རྒྱ་ནག་གྱི་རྒྱལ་རབས། ཧོར་གྱི་རྒྱལ་རབས། བོད་ཀྱི་བཙན་པོ་རིམ་བྱོན་དང་ས་སྐྱ་བས་དབང་བསྒྱུར་བ་ཡན་ཆད། བོད་ཀྱི་ཆོས་འབྱུང་བཅས་སྐབས་བཞི་ཡོད་པ་དང༌། ཁྱད་པར་དུ་རྒྱ་ཡིག་གི་དེབ་ཐེར་མང་དུ་དྲངས་ནས་རྒྱ་བོད་བར་གྱི་འབྲེལ་ལམ་ཞིབ་ཏུ་བཀོད་པ་ཞིག་ཡིན། སྔར་བྲིས་མ་ཐར་ཐོར་ལས་པར་མ་མེད། དེའི་རྩོམ་པ་པོ་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཡིན་པར་བཤད་ཚུལ་ཡང་ཡོད། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ལྕགས་པར་དུ་བསྐྲུན་ཡོད། གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་རབ་བྱུང་དགུ་པའི་ས་ཁྱི་ལོར་སྦྱར་བའི་ཁ་སྐོང་མ་དེབ་ཐེར་དམར་པོ་གསར་མ་ཞེས་བྱ་བ་བྲིས་མ་ཞིག་ཀྱང་ཡོད།
- language:
- Tibetan