- de'u dmar dge bshes bstan 'dzin phun tshogs/
- ID:
- T92188
- དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས (Tibetan, Tibetan script, Original)
- > de'u dmar dge bshes bstan 'dzin phun tshogs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > deumar geshé tendzin püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
b 11th rabjung, starting at 8 med. etc all the sciences studied and contemplated dpyis phyin par mdzad de bod chen po'i ljongs 'dir de'u dmar pan chen zhes pa'i mtshan snyan gyis khyab par gyur, mdo khams go 'jo ru de'u dmar zab rgyas chos gling phyag btab, gsung rtsom yang nang rig pa'i skor dang, sgra rig pa, bzo rig pa, skar rtsis sogs thun min dang thun mong gi rig gnas sna tshogs dang, khyad par du gso ba rig pa'i skor la bdud rtsi sman gyi rnam dbye, ngo bo, nus pa, ming bcas rgyas par bshad pa shel gong phreng dang, lag len gces bsdus sman kun bcud du bsgrub pa'i las kyi cho ga kun gsal snang mdzod, gso rig mngon brjod nyer mkho'i don gsal, me btsa' dang gtar ga'i skor sogs dpe tshan brgya la nye bar brtsams, slob ma yang dpal spungs Situ ཆོས་ཀྱི་འབྱུང་གནས་ etc mkhas btsun ldan pa mang po bskyangs pa sogs mdzad rjes shin tu che
- language:
- English
2. bod rgya tshig mdzod chen mo
[1293] རབ་བྱུང་བཅུ་གཉིས་པའི་ནང་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ནས་གསོ་བ་རིག་པ་སོགས་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་བོད་ཆེན་པོའི་ལྗོངས་འདིར་དེའུ་དམར་པཎ་ཆེན་ཞེས་པའི་མཚན་སྙན་གྱིས་ཁྱབ་པར་གྱུར། མདོ་ཁམས་གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་ཕྱག་བཏབ། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྣ་ཚོགས་དང། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་བདུད་རྩི་སྨན་གྱི་རྣམ་དབྱེ། ངོ་བོ། ནུས་པ། མིང་བཅས་རྒྱས་པར་བཤད་པ་ཤེལ་གོང་ཕྲེང་དང། ལག་ལེན་གཅེས་བསྡུས་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། གསོ་རིག་མངོན་བརྗོད་ཉེར་མཁོའི་དོན་གསལ། མེ་བཙའ་དང་གཏར་གའི་སྐོར་སོགས་དཔེ་ཚན་བརྒྱ་ལ་ཉེ་བར་བརྩམས། སློབ་མ་ཡང་དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་བཙུན་ལྡན་པ་མང་པོ་བསྐྱངས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ(༡༧༢༥)ལོར་ཡབ་རྡོ་རྗེ་བཀྲ་ཤིས་དང་ཡུམ་ལྷ་དགའ་གཉིས་ཀྱི་སྲས་སུ་ཆབ་མདོ་གོ་འཇོ་གསེར་དགའ་རྫོང་དུ་འཁྲུངས། ཆུང་དུས་འཇོ་མདའ་རྫི་དཀར་དགོན་པར་ཆོས་ཞུགས་གནང་ནས་འདོན་ཆོས་དང་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ནས་རིག་གནས་སྤྱི་དང་ཁྱདབ་པར་སྨན་རྩིས་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་གནང།ང་། སློབ་དཔོན་ཀརྨ་བསྟན་འཕེལ་དང་ཀུན་དགའ་བསྟན་འཛིན་སོགས་མཁས་གྲུབ་རིམ་པའི་ཞབས་ལ་གཏུགས་ནས་སློབ་གཉེར་མཛད་པས་བོད་ཆེན་པོའི་ལྗོངས་འདིར་དེའུ་དམར་པཎ་ཆེན་མཆོག་གི་མཚན་སྙན་གྱིས་ཁྱབ། རྗེ་ཉིད་ཀྱིས་མདོ་ཁམས་གོ་འཇོ་རུ་དེའི་དམར་ཟབ་རྒྱས་ཆོས་གླིང་ཕྱག་བཏབ། དེ་ནས་སྡེ་དགེ་ལྷ་ཐོག་ཁུལ་དུ་ལོ་ཤས་བཞུགས་ཤིང།ང་། དེ་སྐབས་ལྷ་ཐོག་རྒྱལ་པོས་རྗེ་འདི་ལ་སྡང་ཟུག་གིས་ཁོང་གི་ཕྱག་རྩོམ་ཕོན་ཆེན་མེ་བསྲེགས་ཆུ་བསྐྱུར་བྱས་པས་མ་ཚད་ལྷ་ཐོག་ཏུ་བཞུགས་སུ་མ་བཅུག་པས་རེ་ཞིག་རྒྱ་གར་འཕགས་ཡུལ་དུ་གནས་སྐོར་དུ་ཕེབས་ནས་ཚུརལ་ཕེབས་རྗེས་ལྷ་ལྡན་སེ་ར་དགོན་དུ་བཞུགས། གསོ་བ་རིག་པ་སྤྱི་དང་ཁྱད་པར་དུ་སྨན་རྫས་རིག་པའི་སྐོར་ལ་ཕྱག་རྗེས་ཤིན་ཏུ་ཆེ། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང།ང་། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྣ་ཚོགས་དང།ང་། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ《བདུད་རྩི་སྨན་གྱི་རྣམ་དབྱེ། ངོ་ངོ་བོ། ནུས་པ། མིང་བཅས་རྒྱས་པར་བཤད་པ་ཤེལ་གོང་ཕྲེང་བ》དང།ང་། 《ལག་ལེན་གཅེས་བསྡུས》《སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད》《གསོ་རིག་མངོན་བརྗོད་ཉེར་མཁོའི་དོན་གསལ》《མེ་བཙའ་དང་གཏར་གའི་སྐོར》སོགས་དཔེ་ཚན་བརྒྱ་ལ་ཉེ་བར་ཕྱག་རྩོམ་མཛད། སློབ་མ་ཡང་དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་བཙུན་ལྡན་པ་མང་པོ་བསྐྱངས་པོ་སོགས་མཛད་རྗེས་ཤིན་ཏུ་ཆེ།
- language:
- Tibetan
4. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ཆུ་བྱི་སྤྱི་ལོ་༡༦༧༢ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ནས་གསོ་བ་རིག་པ་སོགས་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་བོད་ཆེན་པོའི་ལྗོངས་འདིར་དེའུ་དམར་པཎ་ཆེན་ཞེས་པའི་མཚན་སྙན་གྱིས་ཁྱབ་པར་གྱུར། མདོ་ཁམས་གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་ཕྱག་བཏབ། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང་། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྣ་ཚོགས་དང་། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་བདུད་རྩི་སྨན་གྱི་རྣམ་དབྱེ། ངོ་བོ། ནུས་པ། མིང་བཅས་རྒྱས་པར་བཤད་པ་ཤེལ་གོང་ཤེལ་ཕྲེང་དང་། ལག་ལེན་གཅེས་བསྡུས་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། གསོ་རིག་མངོན་བརྗོད་ཉེར་མཁོའི་དོན་གསལ། མེ་བཙའ་དང་གཏར་གའི་སྐོར་སོགས་དཔེ་ཚན་བརྒྱ་ལ་ཉེ་བར་བརྩམས། སློབ་མ་ཡང་དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་བཙུན་ལྡན་པ་མང་པོ་བསྐྱངས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།
- language:
- Tibetan
5. smon lam tshig mdzod chen mo
རབ་བྱུང་བཅུ་གཉིས་པའི་ནང་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ནས་གསོ་བ་རིག་པ་སོགས་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་བོད་ཆེན་པོའི་ལྗོངས་འདིར་དེའུ་དམར་པཎ་ཆེན་ཞེས་པའི་མཚན་སྙན་གྱིས་ཁྱབ་པར་གྱུར། མདོ་ཁམས་གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་ཕྱག་བཏབ། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང༌། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྣ་ཚོགས་དང༌། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་བདུད་རྩི་སྨན་གྱི་རྣམ་དབྱེ། ངོ་བོ། ནུས་པ། མིང་བཅས་རྒྱས་པར་བཤད་པ་ཤེལ་གོང་ཕྲེང་དང༌། ལག་ལེན་གཅེས་བསྡུས་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། གསོ་རིག་མངོན་བརྗོད་ཉེར་མཁོའི་དོན་གསལ། མེ་བཙའ་དང་གཏར་གའི་སྐོར་སོགས་དཔེ་ཚན་བརྒྱ་ལ་ཉེ་བར་བརྩམས། སློབ་མ་ཡང་དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་བཙུན་ལྡན་པ་མང་པོ་བསྐྱངས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ 1672 ལོར་མདོ་སྨད་གོ་འཇོའི་ཡུལ་དུ་སྨན་རྗེ་བི་ཇིའི་གདུང་རྒྱུད་དུ་སྐུ་འཁྲུངས་པའི་མི་ཞིག་ཡིན། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བརྒྱད་པར་ཡབ་མེས་གོང་མ་རྣམས་ཀྱིས་མཛད་སྲོལ་ཤུལ་རྒྱུན་འཛིན་པའི་ཕྱིར་དུ་གསོ་བ་རིག་པའི་གཞུང་ལུགས་ཕལ་མོ་ཆེ་ལ་སྦྱངས་པར་མཛད། དགུང་ལོ་བཅུ་བདུན་པར་བཀའ་བརྒྱུད་བླ་མ་ངག་དབང་ཀུན་དགའ་བསྟན་འཛིན་ལས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཡོངས་རྫོགས་[832]གསན། གཏེར་བདག་གླིང་པའི་གདུང་རྒྱུད་སྲས་པདྨ་དབང་རྒྱལ་ལས་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་སོགས་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་གསན། སེ་ར་ཐེག་ཆེན་གླིང་དུ་ཞུགས་ནས་བཀའ་གདམས་གསར་མའི་ཡིག་ཆ་ཁག་དང་། གཞུང་བཀའ་པོད་ལྔར་དཔྱིས་ཕྱིན་པར་གསན་སྦྱོང་མཛད་ནས་དགེ་བཤེས་ཆེན་པོའི་མཚན་རྟགས་བཞེས། ཁམས་གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་གསར་འདེབས་མཛད་ནས་སྐལ་ལྡན་གྱི་སློབ་མའི་ཚོགས་རྣམས་བསྐྱངས་ཏེ་གཞན་གྱི་ལོག་རྟོག་འཇོམས་པའི་རྩོད་པ་དང་། གདུལ་བྱ་རྗེས་སུ་འཛིན་པའི་འཆད་པ། བསྟན་པ་གསལ་བར་བྱེད་པའི་རྩོམ་པ་བཅས་ཀྱི་སྒོ་ནས་བསྟན་པའི་རྒྱལ་མཚན་མཁའ་ལ་བསྒྲེངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་དང་། ཁམས་སྦྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྫ་སྟོད་ལྷ་ཆེན་པ་དྷརྨ་མངྒ་ལཾ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཐུན་མིན་གྱི་ཕྱག་ཆེན་ཁྲིད་ཡིག་གི་སྐོར་དང་། ཐུན་མོང་རིག་གནས་ཀྱི་སྐོར། ཁྱད་པར་དུ་གསོ་རིག་སྨན་གྱི་སྐོར་ལ་རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1727 ལོར《ཤེལ་གོང་ཤེལ་ཕྲེང》མཛད། 《སྨན་སྦྱོར་བསྡུ་པོད་བདུད་རྩིའི་གཏེར་སྒྲོམ》། 《ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད》། 《ཉེར་ལྔའི་སྦྱོར་སྡེ་ཤེལ་དཀར་ཕྲེང་བ》། 《གཏར་གའི་གདམས་པ་ཉེས་འཁྲུག་རྙོག་མ་དྲུང་འབྱིན》། 《མེ་བཙའི་གདམས་པ་རྒྱས་སྤྲོས་ཤེལ་དཀར་མེ་ལོང》བཅས་ཆོས་ཚན་བརྒྱ་ལྷག་ཙམ་མཛད། ། [833]
- language:
- Tibetan