- don dam bden pa/
- ID:
- T92933
- དོན་དམ་བདེན་པ (Tibetan, Tibetan script, Original)
- > don dam bden pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > döndam denpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: ultimate truth
Sanskrit: paramārtha-satya
མཚན་ཉིད། མདོ་སྡེ་པའི་ལུགས་ལ། དོན་དམ་པར་དོན་བྱེད་ནུས་པའི་ཆོས།
Definition: (in the Sūtra School) a phenomenon that is ultimately able to perform a function [thus phenomena such as pots, etc. are ultimate truths in this system]
Synonyms: དངོས་པོ། མི་རྟག་པ། བྱས་པ། འདུས་བྱས། རྒྱུ། འབྲས་བུ། རང་མཚན། མངོན་གྱུར། མངོན་སུམ་གྱི་སྣང་ཡུལ།
ultimate truths are understood in different ways by the various Buddhist systems; see definition headingComment: The Sanskrit for ultimate truth, paramārthasatya, is etymologized three ways within identifying parama as highest or ultimate, artha as object, and satya as truth. In the first way, parama (highest, ultimate) refers to a consciousness of meditative equipoise directly realizing emptiness; artha (object) refers to the object of that consciousness, emptiness; and satya (truth) also refers to emptiness in that in direct perception emptiness appears the way it exists; that is, there is no discrepancy between the mode of appearance and the mode of being. In this interpretation, a paramārthasatya is a truth-that-is-an-object-of-the-highest-consciousness. In the second way, both parama (highest, ultimate) and artha (object) refer to a consciousness of meditative equipoise directly realizing emptiness in that, in the broadest meaning of object, both objects and subjects are objects, and a consciousness of meditative equipoise directly realizing emptiness is the highest consciousness and thus highest object; satya (truth), as before, refers to emptiness. In this second interpretation, a paramārthasatya is an emptiness that exists the way it appears to a highest consciousness, a truth-of-a-highest-object. In the third etymology, all three parts refer to emptiness in that an emptiness is the highest (the ultimate) and is also an object and a truth, a truth-that-is-the-highest-object. Chandrakīrti, the chief Consequentialist, favors the third etymology in his Clear Words
- language:
- English
2. Rangjung Yeshe Dictionary
ultimate truth [paramaartha-satya] absolute truth, ultimate truth. essence or literal meaning of the absolute truth; ultimate reality
- language:
- English
3. Ives Waldo Dictionary
-
absolute truth [one of the two truths, Vaibhashika: whatever bcom pa or blos cha shas so sor bsal ba na rang 'dzin gyi blo 'dor du mi rung ba'i chos cha med gnyis dang, Sautrantikas: sgra rtog gis btags par ma ltos par rang gi sdod lugs kyi ngos nas rigs pas dpyad bzod du grub pa'i chos rang mtsan; Mind-only: don dam dpyod byed kyi rig shes tshad mas rnyed don yongs grub kyi chos, Madhyamaka: rang mngon sum du rtogs pa'i perceptual pramana rang nyid gnyis snang nub pa'i
- language:
- English
-
param rtha-satya, absolute/ ultimate truth
- language:
- English
6. bod rgya tshig mdzod chen mo
[1303] བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ཆ་མེད་གཉིས་དང། མདོ་སྡེ་པས་སྒྲ་རྟོག་གིས་བཏགས་པར་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་རང་མཚན་དང། སེམས་ཙམ་པས་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རྙེད་དོན་ཡོངས་གྲུབ་ཀྱི་ཆོས། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གནས་ལུགས་སྟོང་པ་ཉིད་ལ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད། ...
- language:
- English
7. dung dkar bod rig pa'i tshig mdzod chen mo
འདི་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་ཡོད་པ་སྟེ་ །༡.ཐལ་འགྱུར་བས་མཐར་ཐུག་དཔྱོད་པའི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་པའི་ཚད་མར་སོང་བས་རྙེད་དོན་དེ་དོན་དམ་བདེན་པའི་མཚན་ཉིད་དེ་ཡང་མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་དོན་གང་ཞིག་ཚད་མ་དེ་ལ་རིགས་ཤེས་ཚད་མར་སོང་བ་ནི་རང་ཉིད་དོན་དམ་བདེན་པ་ཡིན་ཞེས་བརྗོད་པའོ་ །།།མཚན་གཞི་ནི་བུམ་པ་རང་བཞིན་གྱིས་སྟོང་པ་ལྟ་བུ་སོགས་ཡིན་ །།།དོན་དམ་བདེན་པའི་སྒྲ་བཤད་ནི་ཡེ་ཤེས་དམ་པས་རྙེད་པའི་དོན་ཡིན་པས་ན་དོན་དང་ །དེ་འདྲའི་དོན་ཡང་ཡིན་ལ་དོན་གྱི་མཆོག་གམ་དམ་པ་ཡང་ཡིན་པས་ན་དམ་པ་དང་ །སྣང་ཚུལ་དང་གནས་ཚུལ་མཐུན་པར་གནས་པས་བདེན་པ་ཞེས་ཟེར་རོ།རོ།། ༢.དབུ་མ་རང་རྒྱུད་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་ནར་བྱ་བ་དེ་ །དོན་དམ་བདེན་པའི་མཚན་ཉིད་ །དེ་ཡང་གཉིས་སྣང་ལ་རང་ལས་ཐ་དད་པའི་གཉིས་སྣང་དང་བདེན་སྣང་གཉིས་སྣང་དུ་བཤད་པ་སོགས་ཡོད་པ་ལས་དོན་དམ་ནི་མ་འཁྲུལ་པའི་བློ་སྟེ་འཕགས་པའི་མཉམ་བཞག་ཟག་མེད་ཡེ་ཤེས་ཀྱི་ངོར་གཉིས་སྣང་གི་སྤྲོས་པ་དང་བདེན་པའི་སྤྲོས་པ་གཉིས་ཆར་དང་བྲལ་བའི་སྒོ་ནས་རྟོགས་པར་བྱ་བ་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པ་ཡིན་ཏེ་མཚན་གཞི་ནི་ །བུམ་པ་བདེན་སྟོང་ལྟ་བུ་ཞེས་པ་དང་ །༣.སེམས་ཙམ་པས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས་དོན་དམ་པ་དེ་དོན་དམ་བདེ་པའི་མཚན་ཉིད་ །མཚན་གཞི་ནི་བདག་གཉིས་གང་རུང་རུས་གིས་སྟོང་པའི་དེ་བཞིན་ཉིད་ལྟ་བུ་ །སྒྲ་བཤད་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་ནི་དམ་པ་ཡིན་ལ་དེའི་དོན་ཡིན་པས་དོན་དམ་པ་དང་ །སྣང་ཚུལ་དང་གནས་ཚུལ་མཐུན་པས་བདེན་པ་ཞེས་བརྗོད་པ་ཡིན་ །དེ་ལ་དབྱེ་ན་ །ཆོསཆོན་ཀྱི་བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་གཉིས་ཡོད་ །དངོས་པོ་ཐམས་ཅད་བདེན་པར་གྲུབ་པ་དང་རྫུན་པའི་གཞི་མཐུན་དུ་ཁས་ལེན་ །ཆོས་ཉིད་ཐམས་ཅད་བདེན་པར་གྲུབ་པ་དང་ །བདེན་པའི་གཞི་མཐུན་དུ་ཁས་ལེན་ །ཆོས་ཉིད་ལས་གཞན་པའི་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རྫུན་པར་གྲུབ་པ་དང་ །རྫུན་པའི་གཞི་མཐུན་དུ་ཁས་ལེན་ནོ།ནོ།། ༤.མདོ་སྡེ་པས་རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་སུ་གྲུབ་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད་ །ཡང་ན་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད་ །མཚན་གཞི་ནི་གཟུགས་དང་ །ཤེས་པ་ །གང་ཟག་རྣམས་ལྟ་བུའོ་ །དོན་དམ་བདེན་པ་ །དངོས་པོ་ །རང་མཚན་ །འདུས་བྱས་ །བདེན་པར་གྲུབ་པ་རྣམས་དོན་གཅིག་ཡིན་ །བློ་དོན་དམ་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་གྱི་ཚད་མའི་ངོ་བོར་བདེན་པས་ན་དོན་དམ་བདེན་པ་ཞེས་བརྗོད་པའོ།།དོན་དམ་བདེན་པ་ཞེས་པའི་ཚིག་ཟུར་གྱི་དོན་དམ་ནི་བློ་དོན་དམ་པ་སྣང་ཡུལ་ལ་མ་འཁྲུལ་བའི་མངོན་སུམ་ཚད་མ་ལ་ཡིན་ཞེས་འདོད་པ་དང་ །༥.བྱེ་བྲག་སྨྲ་བས་ནི་དོན་དམ་དུ་ཡོད་པ་ནི་ཀུན་རྫོབ་དེ་ལས་གཞན་བཅོམ་པའམ་བློས་ཆ་ཤས་སོ་སོར་བཞག་ཏུ་མེད་པ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་ལྟ་བུའོ།།དེ་རྣམས་དོན་དམ་བདེན་པ་ཡིན་ཏེ་ །རང་འཛིན་པའི་བློ་ནམ་ཡང་འདོར་དུ་མི་རུང་བའི་ཕྱིར་རོ་ཞེས་འདོད་པའོ།འོ།། ༦.ཕྱི་རོལ་གྲངས་གྲགས་ཅན་པས་ནི་མི་གསལ་བའི་ཤེས་བྱ་རྣམས་དོན་དམ་བདེན་པར་འདོད་དོ།དོ།། མི་གསལ་བའི་ཤེས་བྱ་གང་ཞེ་ན་ །ཤེས་བྱ་ཉེར་ལྔ་ལས་གཙོ་བོ་དང་སྐྱེ་བུ་ནི་མི་གསལ་བའི་ཤེས་བྱ་ཡིན་པས་དོན་དམ་བདེན་པ་ཡིན་ཞེས་ཟེར་རོ།རོ།།
- language:
- Tibetan
8. Thupten Phuntsok Dictionary
བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ཆ་མེད་གཉིས་དང་། མདོ་སྡེ་པས་སྒྲ་རྟོག་གིས་བཏགས་པར་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་རང་མཚན་དང་། སེམས་ཙམ་པས་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རྙེད་དོན་ཡོངས་གྲུབ་ཀྱི་ཆོས། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གནས་ལུགས་སྟོང་པ་ཉིད་ལ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད།
- language:
- Tibetan
9. smon lam tshig mdzod chen mo
བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ཆ་མེད་གཉིས་དང༌། མདོ་སྡེ་པས་སྒྲ་རྟོག་གིས་བཏགས་པར་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་རང་མཚན་དང༌། སེམས་ཙམ་པས་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རྙེད་དོན་ཡོངས་གྲུབ་ཀྱི་ཆོས། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གནས་ལུགས་སྟོང་པ་ཉིད་ལ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད།
- language:
- Tibetan