Skip to main content Skip to search
don bdun cu/
ID:
T93086
  • དོན་བདུན་ཅུ (Tibetan, Tibetan script, Original)
    • > don bdun cu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > döndĂ¼nchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

མངོན་རྟོགས་རྒྱན་

language:
Tibetan

2. dung dkar bod rig pa'i tshig mdzod chen mo

ཤེར་ཕྱིན་སྐབས་ཀྱི་དོན་བདུན་བཅུ་སྟེ་ །རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ །ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ །གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ །མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ །སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ །འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་སོ་ །།རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ནི་ །སེམས་བསྐྱེད། གདམས་ངག།ག ངེས་བྱེད་ཡན་ལག།ག རང་བཞིན་གནས་རིགས། དམིགས་པ། ཆེད་དུ་བྱ་བ། གོ་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་བཅས་དང།ང་། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། ལམ་ཤེས་ཀྱི་ཡན་ལག།ག ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཕན་ཡོན་ཆེ་བའི་ཐེག་ཆེན་གྱི་མཐོང་ལམ། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ།་མོས་པ་སྒོམ་ལམ། མོས་པ་སྒོམ་ལམ་གྱི་ཕན་ཡོན། སྔོ་བ་སྒོམ་ལམ། རྗེས་སུ་ཡིད་རངས་སྒོམ་ལམ། སྒྲུབ་པ་སྒོམ་ལམ། རྣམ་དག་སྒོམ་ལམ་བཅས་སོ།སོ།། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ནི། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས། འབྲས་ཡུམ་ལ་རིང་བའི་གཞི་ཤེས། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། གཉེན་པོ་ཕྱོགས་ཀྱི་གཞི་ཤེས། གཞི་ཤེས་ཀྱི་བྱང་སེམས་སྦྱོར་བ། སྦྱོར་བ་དེའི་མཉམ་ཉིད། དངོས་བསྟན་གྱི་ཐེག་ཆེན་མཐོང་ལམ་བཅས་སོ།སོ།། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། རྣམ་པ། སྦྱོར་བ། ཡོན་ཏན། སྐྱོན། མཚན་ཉིད། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན། སློབ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན། སྲིད་གཞི་མཉམ་ཉིད་སྦྱོར་བ། ཞིང་དག་སྦྱོར་བ། ཐབས་མཁས་སྦྱོར་བ་བཅས་སོ།སོ།། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ནི། དྲོད་རྩེ་སྦྱོར། རྩེ་མོའི་རྩེ་སྦྱོར། བཟོད་པའི་རྩེ་སྦྱོར། ཆོས་མཆོག་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། འདིར་བསྟན་བསལ་བྱ་ལོག་སྒྲུབ་བཅས་སོ།སོ།། མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ནི་སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན། སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ། ཚུལ་ཁྲིམས་རྗེས་སུ་དྲན་པ། གཏོང་བ་རྗེས་སུ་དྲན་པ། ལྷ་རྗེ་སུ་དྲན་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་བཅས་སོ།སོ།། སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ནི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་བཅས་དང།ང་། འབྲས་སུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ནི། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཅས་རྣམས་སོ།སོ།། འདི་དག་སྟོན་བྱེད་སྒོ་གསུམ་ཡོད་དེ། འགོ་སྨོས་པས་གོ་བ་རྣམས་ཀྱི་ངོར་བསྡུས་ཏེ་བསྟན་པའི་སྒོ། སྤྲོས་པ་ཙམ་གྱིས་གོ་བ་རྣམས་ཀྱི་ངོར་འབྲིང་དུ་བསྟན་པའི་སྒོ། སྤྲོས་པ་ཙམ་གྱིས་གོ་བ་རྣམས་ཀྱི་ངོར་འབྲིང་དུ་བསྟན་པའི་སྒོ། ཚིག་ལ་འཆེལ་བ་རྣམས་ཀྱི་ངོར་རྒྱས་པར་བཤད་པའི་སྒོའོ།འོ།། འདི་རྣམས་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དོན་བདུན་བཅུ་ཡིན་ལ། གྲངས་བསྡོམས་ན། བཅུ་དང་བཅུ་གཅིག་དགུ་བཅུ་གཅིག།ག བརྒྱད་དང་བཅུ་གསུམ་བཞི་དང་བཞི། ཞེས་གསུངས་སོ།སོ།། རྒྱས་པར་ཕར་ཕྱིན་གྱི་གཞུང་ལས་ཤེས་པར་བྱའོ།འོ།།

language:
Tibetan

3. Thupten Phuntsok Dictionary

ཤེར་ཕྱིན་སྐབས་ཀྱི་དོན་བདུན་ཅུ་སྟེ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་ཅིག་མའི་སྦྱོར་བ་མཚན་བྱེད་ཀྱི་ཆོས་བཞི། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་སོ། །རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ནི། སེམས་བསྐྱེད། གདམས་ངག ངེས་བྱེད་ཡན་ལག རང་བཞིན་གནས་རིགས། དམིགས་པ། ཆེད་དུ་བྱ་བ། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་བཅས་དང་། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། ལམ་ཤེས་ཀྱི་ཡན་ལག ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཕན་ཡོན་ཆེ་བའི་ཐེག་ཆེན་གྱི་མཐོང་ལམ། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། མོས་པ་སྒོམ་ལམ། མོས་པ་སྒོམ་ལམ་གྱི་ཕན་ཡོན། བསྔོ་བ་སྒོམ་ལམ། རྗེས་སུ་ཡིད་རང་སྒོམ་ལམ། སྒྲུབ་པ་སྒོམ་ལམ། རྣམ་དག་སྒོམ་ལམ་བཅས་སོ། ། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ནི། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས། འབྲས་ཡུལ་ལ་ཉེ་བའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། གཉེན་པོ་ཕྱོགས་ཀྱི་གཞི་ཤེས། གཞི་ཤེས་ཀྱི་བྱང་སེམས་སྦྱོར་བ། སྦྱོར་བ་དེའི་མཉམ་ཉིད། དངོས་བསྟན་གྱི་ཐེག་ཆེན་མཐོང་ལམ་བཅས་སོ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ནི། རྣམ་པ། སྦྱོར་བ། ཡོན་ཏན། སྐྱོན། མཚན་ཉིད། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན། སློབ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན། སྲིད་གཞི་མཉམ་ཉིད་སྦྱོར་བ། ཞིང་དག་སྦྱོར་བ། ཐབས་མཁས་སྦྱོར་བ་བཅས་སོ། །རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ནི། དྲོད་རྩེ་སྦྱོར། རྩེ་མོའི་རྩེ་སྦྱོར། བཟོད་པའི་རྩེ་སྦྱོར། ཆོས་མཆོག་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། འདིར་བསྟན་བསལ་བྱ་ལོག་སྒྲུབ་བཅས་སོ། །མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ནི། སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན། སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ། ཚུལ་ཁྲིམས་རྗེས་སུ་དྲན་པ། གཏོང་བ་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་བཅས་སོ། །སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ནི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ། རྣམ་པ་སྨིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་བཅས་དང་། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ནི། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཅས་རྣམས་སོ། །འདི་དག་སྟོན་བྱེད་སྒོ་གསུམ་ཡོད་དེ། འགོ་སྨས་པས་གོ་བ་རྣམས་ཀྱི་ངོར་བསྡུས་ཏེ་བསྟན་པའི་སྒོ། སྤྲོས་པ་ཙམ་གྱིས་གོ་བ་རྣམས་ཀྱི་ངོར་འབྲིང་དུ་བསྟན་པའི་སྒོ། ཚིག་ལ་འཆེལ་བ་རྣམས་ཀྱི་ངོར་རྒྱས་པར་བཤད་པའི་སྒོའོ། །འདི་རྣམས་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དོན་བདུན་ཅུ་ཡིན་ལ། གྲངས་བསྡོམས་ན། བཅུ་དང་བཅུ་གཅིག་དགུ་བཅུ་གཅིག །བརྒྱད་དང་བཅུ་གསུམ་བཞི་དང་བཞི། །ཞེས་གསུངས་སོ། །རྒྱས་པར་ཕར་ཕྱིན་གྱི་གཞུང་ལས་ཤེས་པར་བྱའོ། །

language:
Tibetan