- gdags khri btsan po/
- ID:
- T95511
- གདགས་ཁྲི་བཙན་པོ (Tibetan, Tibetan script, Original)
- > gdags khri btsan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > daktri tsenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
གདགས་ཁྲི་བཙན་པོ་ [son of mer khri btsan po and gdags lha dkar mo, 6th king of T, 1 of the gnam gyi khri bdun]
- language:
- Tibetan
-
གདགས་ཁྲི་བཙན་པོ་
- language:
- Tibetan
3. bod rgya tshig mdzod chen mo
[1339] མེར་ཁྲི་བཙན་པོ་དང་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས། སྔར་བོད་རྒྱལ་དྲུག་པ་སྟེ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཞིག་...
- language:
- English
4. dung dkar bod rig pa'i tshig mdzod chen mo
(ཁྲི་སྤེ་བཙན་པོ་ཞེས་པའང་སྣང་)བོད་རྒྱལ་དྲུག་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོའི་སྲས། སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས། གསས་མཁར་གཡུང།ང་།དྲུང་ལྷ་རྩེ་བཞེངས། བཙན་པོ་འདིའི་རིང་བོད་ཀྱི་ཡེ་གེ་བྱུང་བར་བཞེད་མཁན་ཡང་ཡོད། སྲིབས་ལྷ་སྔོན་མོའམ་སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས་པ་སྲས་སྲིབས་ཁྲི་བཙན་པོ་འཁྲུངས།
- language:
- Tibetan
5. Thupten Phuntsok Dictionary
(ཁྲི་སྤེ་བཙན་པོ་ཞེས་པའང་སྣང) བོད་རྒྱལ་དྲུག་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོའི་སྲས། སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། བཙན་པོ་འདིའི་རིང་བོད་ཀྱི་ཡི་གེ་བྱུང་བར་བཞེད་མཁན་ཡང་ཡོད། སྲིབས་ལྷ་སྔོན་མོའམ་སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས་པ་ལ་སྲས་སྲིབས་ཁྲི་བཙན་པོ་འཁྲུངས།
- language:
- Tibetan
6. smon lam tshig mdzod chen mo
མེར་ཁྲི་བཙན་པོ་དང་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས། སྔར་བོད་རྒྱལ་དྲུག་པ་སྟེ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཞིག
- language:
- Tibetan
7. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་པོ་མེར་ཁྲི་བཙན་པོ་དང་། ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོ་ན་མི་ཆེན་གྱིས་མཛད། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས་ཤིང་སྲིབ་ལྷ་སྔོན་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་སྲིབ་ཁྲི་བཙན་པོ་སྐུ་འཁྲུངས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད》ལས་ “བོད་ཀྱི་ཡི་གེ་ཡང་ཁྲི་པེ་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།” ཞེས་འཁོད་ཅིང་། ཁོང་གི་མཚན་གཞན་ལ《ཏུན་ཧོང་གཏེར་ཡིག》ལས་ཁྲི་སྤེ་བཙན་པོ་ཞེས་འཁོད་འདུག ཁོང་གི་བང་སོ་གནམ་ལ་བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་དྲུག་པ་ཡིན་ནོ། །
- language:
- Tibetan