- gdod ma'i dbyings/
- ID:
- T96358
- གདོད་མའི་དབྱིངས (Tibetan, Tibetan script, Original)
- > gdod ma'i dbyings/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dömeying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
འདི་ཡང་བཀའ་བརྒྱུད་པ་དང་རྙིང་མ་པ་ཚོའི་ཤོད་སྲོལ་ལ། སེམས་ཅན་ཚོའི་སེམས་དེ་དང་པོ་ཉིད་ནས་སངས་རྒྱས་དང་། ཆོས་སྐུའི་ངོ་བོར་ཡོད་པ་ལ། བར་དུ་ཉོན་མོངས་དུག་གསུམ་གྱི་དྲི་མས་གོས་པ་དེ་དག་ན། སེམས་དེའི་དང་པོའི་ངོ་བོ་མངོན་དུ་འགྱུར་བ་དེ་ལ་གདོད་མའི་དབྱིངས་ཟེར། དགེ་ལུགས་པས། སེམས་དེ་སངས་རྒྱས་ཀྱི་སྒྲུབ་གཞི་ཡིན་པ་མ་གཏོགས། དང་པོ་ཉིད་ནས་སངས་རྒྱས་ཀྱི་ངོ་བོར་ཡོད་པ་དེ་འདྲ་གཏན་ནས་མིན་ཟེར།
- language:
- Tibetan