- bdag don nyer gcig
- ID:
- T96831
- བདག་དོན་ཉེར་གཅིག (Tibetan, Tibetan script, Original)
- > bdag don nyer gcig (Tibetan, Latin script, Transliteration-THL Extended Wylie Transliteration)
- > dakdön nyerchik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དམ་ཚིག་ས་མ་ཡ་འབུམ་སྟེ་བསྡུ་ན། བདག་དོན་ཉེར་གཅིག གཞན་དོན་བཞི་བཅུ་ཞེ་གཉིས་སུ་འདུས་པར་བཤད་དེ། དམ་ཚིག་རྡོ་རྗེ་གསལ་བཀྲ་ལས་ཐུན་མོང་དམ་ཚིག་མདོར་བསྡུས་ནས། བདག་གཞན་དོན་དུ་བཤད་པར་བྱ། ༡.རྒྱན་འགྱེད། ༢.ལུས་མཛེས་འདུས་པ། ༣.ཆང་། ༤.དྲེགས་སོགས་ཁེངས་སེམས། ༥.རྡོ་རྗེ་གསུམ་པོས་ཕྱག་བྱེད། ༦.ཆེ་ངག ༧.དགེ་སྨོན། ༨.སྡིག་བསྟོད། ༩.ལེ་ལོ། ༡༠.སེ་སྣ། ༡༡.གཉིད། ༡༢.གཡེང་། ༡༣.ཁྲོ་གཏུམ། ༡༤.ཡེ་ཤེས་སྔོན་མ་གཏོང་། ༡༥.བཀག ༡༦.གཅོག ༡༧.སྡིག་པའི་གྲོགས་བསྟན། ༡༨.བག་མེད་སྤྱོད། ༡༩.དམ་བཅའ་འདོར། ༢༠.ཆོས་མི་ཤེས། ༢༡.ངོམ་ལ་དགའ། སྤང་ཆབྱ་ཉི་ཤུ་གཅིག་བཟློག་པ། བདག་དོན་མཆོག་ཏུ་འགྱུར་བ་སྟེ་ཞེས་སོ། །
- language:
- Tibetan
3. Thupten Phuntsok Dictionary
དམ་ཚིག་ས་མ་ཡ་འབུམ་སྡེ་བསྡུ་ན། བདག་དོན་ཉེར་གཅིག གཞན་དོན་བཞི་བཅུ་ཞེ་གཉིས་སུ་འདུས་པར་བཤད་དེ། དམ་ཚིག་རྡོ་རྗེ་གསལ་བཀྲ་ལས་ཐུན་མོང་དམ་ཚིག་མདོར་བསྡུས་ནས། བདག་གཞན་དོན་དུ་ཤེས་པར་བྱ། ༡ རྒྱན་འགྱེད། ༢ ལུས་མཛེས་འདུས་པ། ༣ ཆང་། ༤ དྲེགས་སོགས་ཁེངས་སེམས། ༥ རྡོ་རྗེ་གསུམ་པོས་ཕྱག་བྱེད། ༦ ཆེ་ངག ༧ དགེ་སྨོད། ༨ སྡིག་བསྟོད། ༩ ལེ་ལོ། ༡༠ སེར་སྣ། ༡༡ གཉིད། ༡༢ གཡེང་། ༡༣ ཁྲོ་གཏུམ། ༡༤ ཡེ་ཤེས་སྔོན་མ་གཏོང་། ༡༥ བཀག ༡༦ གཅོག ༡༧ སྡིག་པའི་གྲོགས་བསྟེན། ༡༨ བག་མེད་སྤྱོད། ༡༩ དམ་བཅའ་འདོར། ༢༠ ཆོས་མི་ཤེས། ༢༡ ངོམ་ལ་དགའ། སྤང་བྱ་ཉི་ཤུ་གཅིག་བཟློག་པ། བདག་དོན་མཆོག་ཏུ་འགྱུར་བ་སྟེ་ཞེས་སོ། །
- language:
- Tibetan