- bdag med pa'i lta ba/
- ID:
- T96943
- བདག་མེད་པའི་ལྟ་བ (Tibetan, Tibetan script, Original)
- > bdag med pa'i lta ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dakmé pentawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་ཟེར་ཏེ། རང་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་དང་ཕུང་པོ་བདེན་འཛིན་འདི་གཉིས་ལ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཞེས་བརྗོད་ཅིང་བདག་འཛིན་འདི་གཉིས་མ་བཟློག་ན་འཁོར་བའི་སྡུག་བསྔལ་ཟློག་པའི་ཐབས་གཞན་མེད་དེ《རིན་ཆེན་ཕྲེང་བ་》ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ།། དེ་སྲིད་དེ་ལ་ངར་འཛིན་ཡོད།། ངར་འཛིན་ཡོད་ན་ཡང་ལས་ཏེ།། དེ་ལས་ཡང་ནི་སྐྱེ་བ་ཡིན།། ཞེས་གསུངས་པ་ལྟར་རོ།རོ།། དེསན་རྨོངས་པ་མ་རིག་པ་དེ་གཉིས་སྤོང་བའི་གཉེན་པོར་ཤེས་རབ་མེད་ན་མི་འབྱུང་ཞིང།ང་། ཤེས་རབས་དེ་གང་ཞེ་ན་བདག་མེད་རྟོགས་པའི་ཤེས་རབ་དེ་ཡིན་ཏེ། 《བཞི་རྒྱ་པ་ལ》ལས། ཡུལ་ལ་བདག་མེད་མཐོང་བ་ནི།། སྲིད་པའི་ས་བོན་འགག་པར་འགྱུར།། ཞེས་གསུངས། བདག་མེད་རྟོགས་པའི་ཤེས་རབ་དེ་ལ་ཡང་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཡོད། འདི་གཉིས་ལ་རང་སྡེའི་གྲུབ་མཐའ་སྨྲ་བ་བཞི་པོ་ཡང་རྟོགས་རིགས་ཀྱི་ཁྱད་པར་མི་འདྲ་བ་ཡོད་དོ།དོ།།
- language:
- Tibetan
3. Thupten Phuntsok Dictionary
དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་ཟེར་ཏེ། རང་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་དང་ཕུང་པོ་བདེན་འཛིན་འདི་གཉིས་ལ་གང་ཟག་གི་བདག་འཛིན་འདི་གཉིས་མ་བཟློག་ན་འཁོར་བའི་སྡུག་བསྔལ་ཟློག་པའི་ཐབས་གཞན་མེད་དེ།རིན་ཆེན་ཕྲེང་བ》ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ན་རྨོངས་པ་མ་རིགས་པ་དེ་གཉིས་སྤོང་བའི་གཉེན་པོར་ཤེས་རབ་མེད་ན་མི་འབྱུང་ཞིང་། ཤེས་རབ་དེ་གང་ཞེ་ན་བདག་མེད་རྟོགས་པའི་ཤེས་རབ་དེ་ཡིན་ཏེ།བཞི་བརྒྱ་པ》ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས། བདག་མེད་རྟོགས་པའི་ཤེས་རབ་དེ་ལ་ཡང་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཡོད། འདི་གཉིས་ལ་རང་སྡེའི་གྲུབ་མཐའ་སྨྲ་བ་བཞི་པོ་ཡང་རྟོགས་རིགས་ཀྱི་ཁྱད་པར་མི་འདྲ་བ་ཡོད་དོ། །
- language:
- Tibetan