- bde zhib las khungs/
- ID:
- T97985
- བདེ་ཞིབ་ལས་ཁུངས (Tibetan, Tibetan script, Original)
- > bde zhib las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dezhip lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
Tibetan govt office looking after the livelihood of subjects/ serfs
- language:
- English
2. bod rgya tshig mdzod chen mo
[1369] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ་མི་སེར་གྱི་འཚོ་བར་ལྟ་རྟོག་བྱེད་མཁན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔའི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། རབ་བྱུང་བཅུ་དྲུག་པའི་ས་སྟག(༡༩༣༨)ལོར་གསར་དུ་བཙུགས་པའི་ཞིག་ཡིན། དེར་དོ་དམ་དྲུང་རྩིས་གཉིས་དང།ང་། ལས་བྱ་སེར་སྐྱ་བཞི་ཡོད་ཅིང།ང་། གཙོ་བོའི་ལས་འགན་ནི། སྤྱི་ཚོགས་བདེ་འཇགས་སྐོར་ལ་ལྟ་རྟོག་དང།ང་། ལྷག་པར་ལྷ་ས་གྲོང་ཁྱེར་གྱིས་མཚོན་རྒྱ་ཁྱབ་རྫོང་གཞིས་ཁག་ལ་སློབ་གྲྭ་གསར་འཛུགས་ཀྱིས་སློབ་ཁང་གསར་རྒྱག་དང་འབྲེལ་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་གཞི་རྒྱ་མ་ཆུང་ཙམ་སྐོང་འགུགས་ཐོག་རྫོང་གཞིས་སོ་སོའི་ལས་བྱ་དྲུང་ཁང།ང་། གཙོ་རྒན། གཞན་ཡང་སྒེར་ཆོས་ཁོངས་ནས་དགེ་རྒན་ཇི་དགོས་འོས་འཛུགས་ཀྱི་ཕོགས་ཐོབ་གཞུང་གནས་བསྩལ་ཐོག་ཟླ་དྲུག་རེའི་མཚམས་རྫོང་གཞིས་སྣེ་སྡོད་སོ་སོས་སློབ་འབྲས་གང་འདྲ་བྱུང་ཡོད་མེད་ཞིབ་འཇུག་དང་འབྲེལ་བདེ་ཞིབ་ལས་ཁུངས་སུ་ཐད་ཀར་སྙན་སེང་ཞུས་ཐོག་རྣམ་ཀུན་སློབ་ཁང་ལ་ལྟ་རྟོག་གཉེར་སྐྱོང་བྱེད་དགོས་པ་སོགས་ཀྱི་གཏན་འབེབས་ཡོད། དེ་འབྲེལ་ལྷ་ཞོལ་གྲོང་ཁྱེར་ནང་ཕྱི་ལུགས་ལ་དང་ཞེན་བྱེད་པའི་ཕོ་མོའི་ཆས་གོས་ཡ་མ་གཟུགས་སྤྲས་པ་དང།ང་། ཉལ་ཐག་ལྐོག་ཚོང་དང་འཐེན་འཐུང་ཡིམི་ཆོག་པ། ཐོ་ཕི་ཅུ་དང།ང་། མཱ་ཅང་བརྒྱབ་ནས་རྒྱན་འཛུགས་མི་ཆོག་པ། གཏན་འབེབས་ཆང་ཁང་ལས་བརྒལ་བའི་མྱོས་རྫས་གང་བྱུང་དུ་བཙོང་མི་ཆོག་པ་བཅས་ཀྱི་ཁྲིམས་འདོམས་མཇུག་སྣོན་བྱེད་དགོས་པ་དང།ང་། གཞན་ཡང་ཡུལ་ལུང་ཡར་རྒྱས་ཀྱི་ཆེད་དུ་བསམ་ཞིབ་འཆར་འགོད་ཞུ་དགོས་པ་བཅས་སོ།སོ།།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཞིག་སྟེ་མི་སེར་གྱི་འཚོ་བར་ལྟ་རྟོག་བྱེད་མཁན།
- language:
- Tibetan
5. smon lam tshig mdzod chen mo
སྔར་དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག་སྟེ་མི་སེར་གྱི་འཚོ་བར་ལྟ་རྟོག་བྱེད་མཁན།
- language:
- Tibetan