- bden 'dzin phra mo/
- ID:
- T98275
- བདེན་འཛིན་ཕྲ་མོ (Tibetan, Tibetan script, Original)
- > bden 'dzin phra mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dendzin tramo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
subtle grasping at true existence [subtle awareness of dualistic appearance of subject object or grasping/fixation
- language:
- English
-
subtle grasping at true existence
- language:
- English
3. dung dkar bod rig pa'i tshig mdzod chen mo
བདེན་འཛིན་ལྷན་སྐྱེས་ནི་བདེན་འཛིན་ཕྲ་མོ་དང་ཀུན་བཏགས་ལྟ་བུ་རགས་པར་འཇོག་པ་ཡིན། ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ནི་གྲུབ་མཐས་བློ་བསྒྱུར་བའི་སྟོབས་ཀྱིས་བདེན་པར་གྲུབ་པ་ཡོད་པར་འཛིན་པ་ནི་ཀུན་བཏགས་དང།ང་། གྲུབ་མཐས་བློ་བསྒྱུར་བ་ལ་མ་ལྟོས་པར་ངམ་ངམ་ཤུགས་ཀྱིས་འཛིན་པ་ནི་ལྷན་སྐྱེས་སུ་འཇོག་པ་ཡིན། ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀྱི་ཁྱད་པར་དང།ང་། ཕྲ་རགས་ཀྱི་ཁྱད་པར་རྣམས་ཐལ་འགྱུར་བ་དང་རང་རྒྱདརྒྱུད་པ་གཉིས་ཀས་ཁས་ལེན་པ་ཡིན་།ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་སུ་གྲུབ་པར་འཛིན་པ་དེ་ལ་བདེན་འཛིན་དུ་འདོད་པ་འདྲ་ཡང་མི་འདྲ་བའི་ཁྱད་པར་རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པར་འཛིན་པ་ཞིག་ལ་འཇོག།ག ཐལ་འགྱུར་བས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་མ་ཡིན་པའི་རང་ངོས་ནས་གྲུབ་པར་འཛིན་པ་བདེན་འཛིན་དུ་ཁས་ལེན་པ་ཡིན།
- language:
- Tibetan