Skip to main content Skip to search
mdo smad spyi khyab/
ID:
T98976
  • མདོ་སྨད་སྤྱི་ཁྱབ (Tibetan, Tibetan script, Original)
    • > mdo smad spyi khyab/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > domé chikhyap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

Tibetan govt administrator of Khams [& Amdo]

language:
English

2. dung dkar bod rig pa'i tshig mdzod chen mo

རབ་བྱུང་བཅོ་ལྔ་པའི་ཆུ་གླང(༡༩༡༣)ལོར་ལུའུ་ཅུན་རྒྱ་དམག་བོད་ས་ནས་ཕྱིར་འབུད་བྱས་རྗེས་མདོ་སྨད་ཁུལ་གྱི་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་ངོ་ལས་བསྐོ་གཞག་གིས་ཆབ་མདོ་ས་གནས་སུ་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་དངོས་སུ་བཙུགས་ཤིང།ང་། དེར་ལས་བྱ་རིམ་བཞི་སེར་སྐྱ་གཉིས་དང།ང་། ཕོགས་དཔོན་མཁན་རིམ་གཉིས། མགྲོན་ལས་ རིམ་གཉིས། བཀའ་དྲུང་གཅིག།ག བཀའ་མགྲོན་གཅིག།ག གཟིམ་འགག་གཅིག།ག ལས་བྱ་དཀྱུས་མ་རྩེ་ཤོད་སེར་སྐྱ་བཅུ་སྐོར་བཅས་ཡོད། རྫོང་འགོ་གཞིས་སྡོད་བཅས་ཀྱི་མི་འགྲོ་བོད་ས་གནས་སྲིད་གཞུང་ནས་བསྐོ་གཞག་བྱས་རུང།ང་། ས་སྲུང་འགོ་དམག་ས་གནས་གང་དུ་བཅའ་སྡོད་དགོས་མིན་མདོ་སྤྱི་ནས་ཐག་གཅོད་གནང་རྒྱུ་དང།ང་། རྫོང་གཞིས་སོ་སོའི་ཁྲལ་བསྡུ་ཁྲིམས་འདོམས་བྱེད་ཕྱོགས། འཆར་འཕར་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཉེ་རྒྱང་མི་སྙོམས་པའི་རིགས་ལ་ས་མིའི་ཞིབ་གཅོད། དམག་ཕོགས་འདུ་འགོད། ས་འགག་ཁག་ཏུ་ཇ་ཚྭ་སྤུ་བལ། པགས་རིགས། སྨན་རྫས་ལ་སོགས་པའི་ཤོ་ཁྲལ་བསྡུ་དམ་བསྐོ་གཏོང་བཅས་མདོར་ན་ཁུལ་དེའི་ཞི་དྲག་བྱེད་སྒོའི་ནང་ནས་ས་མཚམས་ཐོབ་ཤོར་གྱི་རྩོད་བསྙད་ཡོ་ལང་རིགས་བོད་ས་གནས་སྲིད་གཞུང་ལ་དགོངས་སྐོར་དགོས་པ་ལས། དེ་བྱིངས་མདོ་སྤྱི་རང་ནས་ཐག་གཅོད་བྱས་གཅོད་བྱས་ཆོག་པ་བཅས་རེད།

language:
Tibetan

3. Thupten Phuntsok Dictionary

སྤྱི་ལོ༡༨༦༥ལོར་བོད་དམག་གིས་ཉག་རོང་མགོན་པོ་རྣམ་རྒྱལ་བཅོམ་ཞིང་། རབ་བྱུང་བཅོ་ལྔ་པའི་མེ་ཡོས་སྤྱི་ལོ་༡༨༦༧ལོར་ཉག་རོང་ཁོག་ཏུ་མདོ་སྨད་སྤྱི་ཁྱབ་བཙུགས་ཤིང་རྩིས་དཔོན་ཕུན་རབ་པ་མདོ་སྤྱིར་བསྐོ་བཞག་གནང་། སྤྱི་ལོ་༡༩༡༣ལོར་དཀར་མཛེས་དར་རྒྱས་དགོན་པ་དང་བེ་རུ་དགོན་པ་གཉིས་འཁྲུགས་པ་བྱས་པས་བེ་རུ་དགོན་པ་ཕམ། རབ་བྱུང་བཅོ་ལྔ་པའི་ས་རྟ་ལོ་སྤྱི་ལོ༡༩༡༨ལོར་བེ་རུ་དགོན་པས་རྒྱ་དམག་རྒྱབ་རྩ་དྲངས་པ་དང་། དར་རྒྱས་དགོན་པས་བོད་དམག་རྒྱབ་རྩ་དྲངས་ནས་སླར་ཡང་འཁྲུགས་པ་བྱས་མཐར་དར་རྒྱས་དགོན་པ་ཕམ། ཀག་ཁོག་གི་མདོ་སྤྱི་ཆབ་མདོར་སྤོར་དགོས་པ་བྱུང་། དུས་དེར་བསྐལ་པ་ས་རྟ་ལོའི་དུས་འགྱུར་ཞེས་ཁམས་ཕྱོགས་སུ་སྐད་གྲགས་ཆེ། མདོ་སྨད་ཁུལ་གྱི་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་ངོ་ལས་བསྐོ་གཞག་གིས་ཆབ་མདོ་ས་གནས་སུ་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་དངོས་སུ་བཙུགས་ཤིང་། དེར་ལས་བྱ་རིམ་བཞི་སེར་སྐྱ་གཉིས་དང་། ཕོགས་དཔོན་མཁན་རིམ་གཉིས། མགྲོན་ལས་གཉིས། བཀའ་དྲུང་གཅིག བཀའ་མགྲོན་གཅིག གཟིམ་འགག་གཅིག ལས་བྱ་དཀྱུས་མ་རྩེ་ཤོད་སེར་སྐྱ་བཅུ་སྐོར་བཅས་ཡོད། ལས་འགན་ནི། མདོ་སྨད་ཁུལ་གྱི་ས་སྲུང་མདའ་དཔོན་དང་། རྫོང་འགོ་གཞིས་སྡོད་བཅས་ཀྱི་མི་འགྲོ་བོད་ས་གནས་སྲིད་གཞུང་ནས་བསྐོ་གཞག་བྱས་རུང་། ས་སྲུང་འགོ་དམག་ས་གནས་གང་དུ་བཅའ་སྡོད་དགོས་མིན་མདོ་སྤྱི་ནས་ཐག་གཅོད་གནང་རྒྱུ་དང་། རྫོང་གཞིས་སོ་སོའི་ཁྲལ་བསྡུ་ཁྲིམས་འདོམ་བྱེད་ཕྱོགས། འཆར་འཕར་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཉེ་རྒྱང་མི་སྙོམས་པའི་རིགས་ལ་ས་མིའི་ཞིབ་གཅོད། དམག་ཕོགས་འདུ་འགོད། ས་འགག་ཁག་ཏུ་ཇ་ཚྭ་སྤུ་བལ། པགས་རིགས། སྨན་རྫས་ལ་སོགས་པའི་ཤོ་ཁྲལ་བསྡུ་རྒྱུ་དང་དམ་བསྐོ་གཏོང་བ་བཅས་མདོར་ན་ཁུལ་དེའི་ཞི་དྲག་བྱེད་སྒོའི་ནང་ནས་ས་མཚམས་ཐོབ་ཤོར་གྱི་རྩོད་བསྙད་ཡོ་ལང་རིགས་བོད་ས་གནས་སྲིད་གཞུང་ལ་དགོངས་སྐོར་དགོས་པ་ལས། དེ་བྱིངས་མདོ་སྤྱི་རང་ནས་ཐག་གཅོད་བྱས་ཆོག་པ་བཅས་རེད།

language:
Tibetan