- 'du 'god las khungs/
- ID:
- T99846
- འདུ་འགོད་ལས་ཁུངས (Tibetan, Tibetan script, Original)
- > 'du 'god las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dungö lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
government office gathering and administering grain and money for military salaries
- language:
- English
2. bod rgya tshig mdzod chen mo
[1397] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ལས་འགན་ནི་འབྲུ་དངུལ་བསྡུ་ཚགས་ཀྱིས་དམག་ཕོགས་གོ་སྒྲིག་བྱེད་རྒྱུ་དེ་ཡིན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ། ལས་ཁུངས་དེའི་མིང་ཆ་ཚང་ལ་འདུ་འགོད་བདེ་སྐྱིད་འདོད་རྒུ་འཁྱིལ་ཞེས་ཟེར། ལས་ཁུངས་འདི་རབ་བྱུང་བཅུ་དྲུག་པའི་ས་བྱི(༡༩༤༨)ལོར་བཙུགས་པ་དང།ང་། དོ་དམ་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་དང།ང་། དྲུང་རྩིས་མགྲོན་ལས་སོགས་ལས་བྱ་མང་ཙམ་ཡོད་པ་དང།ང་། ལས་ཁུངས་དེའི་ལས་འགན་ནི་སྐབས་དེར་བོད་དམག་སྔོན་ཡོད་ཐོག།ག པ་དང་གྲོང་དྲག་དམག་སྒར། ཕ་དང་བཅུ་གཉིས་དྲུག་སྣའི་དམག་སྒར། བ་དང་ཀོང་དམག།ག མ་དང་གཙང་ཁུལ་གྲོང་དྲག་དམག་སྒར་བཅས་སྐོང་འའགུགས་བྱས་པར་བརྟེན་དམག་ཕོགས་སོགས་གང་ཅིའི་ཆ་ནས་འདུ་འགོད་གཞི་རྒྱ་ཆེ་ཙམ་ཞིག་མ་བྱས་མཐུ་མེད་བྱུང་སྟེ་དབུས་གཙང།ང་། ལྷོ་དྭགས་རྫོང་གཞིས་ཁག་གི་གཞིས་འབྲུ་དང།ང་། འབབ་ཞིབ། འབྲུ་ཕོགས། སོ་ལས་བཅས་གཞུང་འབྲུ་གང་ཡོད་ཟླ་བསྒྲིལ་གྱིས་བསྡུ་གཏོང་བྱེད་སྒོ་ཁག་ལས་ཁུངས་དེ་ནས་བྱེད་དགོས་པ་དང།ང་། དེ་མཚུངས་གྲོན་དངུལ་གཏོང་དམིགས་སུ་རྒྱ་དངུལ་སྲང་བཅུའི་སྒོར་མོ་ཁ་རིས་སུ་འདུ་འགོད་ལས་ཁུངས་ཞེས་འཁོད་པ་པར་བརྒྱབ་སྟེ་དམག་ཕོགས་སོགས་ཀྱི་དགོས་དངུལ་དུ་གཏོང་དགོས།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག ལས་འགན་ནི་འབྲུ་དངུལ་བསྡུ་ཚགས་ཀྱིས་དམག་ཕོགས་གོ་སྒྲིག་བྱེད་རྒྱུ་དེ་ཡིན།
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ལས་འགན་ནི་འབྲུ་དངུལ་བསྡུ་ཚགས་ཀྱིས་དམག་ཕོགས་གོ་སྒྲིག་བྱེད་རྒྱུ་དེ་ཡིན།
- language:
- Tibetan