Skip to main content Skip to search
ma hA yo ga
ID:
T144355
  • མ་ཧཱ་ཡོ་ག (Tibetan, Tibetan script, Original)
    • > ma hA yo ga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > maha yoga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2052] སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག་ཆེན་པོའི་རྣམ་འབྱོར་གྱི་ཐེག་པ་ཞེས་བྱ་སྟེ་འཇུག་སྒོ་ཕྱིན་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་པ་ཟབ་མོའི་དབང་གསུམ་སྟེ་དབང་མཆོག་བཅོ་བརྒྱད་ཀྱིས་རྒྱུད་སྨིན་པར་བྱས་ནས། ལྟ་བ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ཀུན་རྫོབ་གདན་གསུམ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ཅིང་རང་བཞིན་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོར་གཏན་ལ་ཕབ་ནས། བསྒོམ་པ་བསྐྱེད་རིམ་གཙོ་བོར་སྟོན་ལ། དེའང་ཏིང་འཛིན་གསུམ་གྱིས་ཁོག་དབུབ། ངོ་བོ་དག་རྫོགས་སྨིན་གསུམ་ཚང་བ། སྲོག་སྡོམ་གཟེར་བཞིས་རྒྱས་བཏབ་སྟེ་སྒོམ་པ་དང་རྫོགས་རིམ་རླུང་དང་ཐིག་ལེ་འོད་གསལ་རྣམས་བསྒོམས་ལ། སྤྱོད་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གསུམ་གྱི་ཉེ་རྒྱུ་ལ་བརྟེན་ནས། འབྲས་བུ་རིག་འཛིན་རྣམ་བཞིའི་བསྡུས་པའི་ལམ་ལྔ་མཐར་ཕྱིན་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་དོ། ...

language:
English

2. Thupten Phuntsok Dictionary

སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག ཆེན་པོའི་རྣལ་འབྱོར་གྱི་ཐེག་པ་ཞེས་བྱ་སྟེ་འཇུག་སྒོ་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་སྟེ་དབང་མཆོག་བཅོ་བརྒྱད་ཀྱིས་རྒྱུད་སྨིན་པར་བྱས་ནས། ལྟ་བ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ཀུན་རྫོབ་གདན་གསུམ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ཅིང་རང་བཞིན་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོར་གཏན་ལ་ཕབ་ནས། བསྒོམ་པ་བསྐྱེད་རིམ་གཙོ་བོར་སྟོན་ལ། དེའང་ཏིང་འཛིན་གསུམ་གྱིས་ཁོག་དབུབ། ངོ་བོ་དག་རྫོགས་སྨིན་གསུམ་ཚང་བ། སྲོག་སྡོམ་གཟེར་བཞིས་རྒྱས་བཏབ་སྟེ་སྒོམ་པ་དང་རྫོགས་རིམ་རླུང་དང་ཐིག་ལེ་འོད་གསལ་རྣམས་བསྒོམས་ལ། སྤྱོད་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གསུམ་གྱི་ཉེ་རྒྱུ་ལ་བརྟེན་ནས། འབྲས་བུ་རིག་འཛིན་རྣམ་བཞིས་བསྡུས་པའི་ལམ་ལྔ་མཐར་ཕྱིན་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་དོ།

language:
Tibetan

3. smon lam tshig mdzod chen mo

སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག ཆེན་པོའི་རྣམ་འབྱོར་གྱི་ཐེག་པ་ཞེས་བྱ་སྟེ། འཇུག་སྒོ་ཕྱིན་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་པ་ཟབ་མོའི་དབང་གསུམ་སྟེ་དབང་མཆོག་བཅོ་བརྒྱད་ཀྱིས་རྒྱུད་སྨིན་པར་བྱས་ནས། ལྟ་བ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ཀུན་རྫོབ་གདན་གསུམ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ཅིང་རང་བཞིན་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོར་གཏན་ལ་ཕབ་ནས། བསྒོམ་པ་བསྐྱེད་རིམ་གཙོ་བོར་སྟོན་ལ། དེའང་ཏིང་འཛིན་གསུམ་གྱིས་ཁོག་དབུབ། ངོ་བོ་དག་རྫོགས་སྨིན་གསུམ་ཚང་བ། སྲོག་སྡོམ་གཟེར་བཞིས་རྒྱས་བཏབ་སྟེ་སྒོམ་པ་དང་རྫོགས་རིམ་རླུང་དང་ཐིག་ལེ་འོད་གསལ་རྣམས་བསྒོམས་ལ། སྤྱོད་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གསུམ་གྱི་ཉེ་རྒྱུ་ལ་བརྟེན་ནས། འབྲས་བུ་རིག་འཛིན་རྣམ་བཞིའི་བསྡུས་པའི་ལམ་ལྔ་མཐར་ཕྱིན་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་དོ། །

language:
Tibetan

ma hA yo ga has 4 other terms directly related to it, which are presented here.