Skip to main content Skip to search
rdzogs chen/
ID:
T166885
  • རྫོགས་ཆེན (Tibetan, Tibetan script, Original)
    • > rdzogs chen/ (Tibetan, Latin script, Transliteration-THL Extended Wylie Transliteration)

sems nyid rang byung ye shes kyis 'khor 'das kun la khyab kyang /_snang pa dang stong pa nyid kyi phyogs su ma lhung zhing /_ngo bo rtag pa'i mtha' las grol ba dang /_rang rtsal ma 'gag pas chad mtha' las grol bas bya bral bde sdug las grol ba'i lta ba gtan la phab pa/

language:
Tibetan
Language Context:
Language:
Literary Period:

མངོན་པར་བྱང་ཆུབ་བྱེད་ཀྱི་མན་ངག་ཟབ་མོ་སྟེ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་མ་ཧཱ་སནྡྷིའིི་དོན་ཡང་དག་པའི་བསམ་གཏན་ཆེན་པོ་ཡིན་པ་ལ་བོད་དུ་སྒྲ་འགྱུར་ཏེ་རྫོགས་ཆེན་དུ་་བསྒྱུར་པར་གསུངས་མོད། དོན་དུ་ཐ་སྙད་འདི་ནི་བོན་པོའི་ཐ་སྙད་ཅིག་ཡིན་པ་འདྲ། དེའང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོགཏུ་རྫོགས་ཆེན་ཞེས་བྱ་ཆོས་ལོག་བོད་དུ་དར་ཞེས་དང་། ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་དུའངབོན་གྱི་དགེ་རྒན་མདུན་ནས་རྫོགས་ཆེན་སྦྱངས་ཞེས་པས་གསལ་པོར་སྒྲུབ་ནུས། དེ་མིན་དུས་རབས་དྲུག་པའི་རྒྱ་ནག་གི་མཁས་པ་་ཐེན་ཐད་གྱིས་བྲིས་པའི་རྫོགསཆེན་སེམས་ཕྱོགས་ཞེས་པའི་ནང་རྫོགས་པ་ཆེན་པོ་ནི་མངོན་པར་བྱང་ཆུབ་པ་ཞེས་བྲིས་ཡོད་ལ་།དེབ་འདིའི་མིང་ཐུའུ་བཀན་གྲུབ་མཐའི་ནང་ཡང་དེ་ལྟར་གསལ། དེ་བས་ཐ་སྙད་འདིའི་ཁུངས་ལ་མུ་མཐུད་དཔྱད་དགོས་པ་ཞིག་རེད།

Etymology
Basic Syllabic Etymology:
སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པས་ན་རྫོགས་པ་དང་། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ན་ཆེན་པོའོ། (Literary Form: Prose; Literary Period: Classical Literary)

language:
Tibetan
Author:
Steven Weinberger

David Higgins Lexicon of Tibetan Buddhist Topics and Terminology

is a partial synonym of
a ti yo ga, a ti yo ga
is contrasted with
ma hA yo ga
is related to
rten cing 'brel bar 'byung ba bcu gnyis/, rdo rje phung po/
is a compound term containing
rdzogs pa/

Passages

, 2: 601.4.

This passage argues why Rdzogs chen is superior to other vehicles.

, 5: 135.

In this passage, Klong chen pa provides a very detailed account of the three divisions of Mahāyoga, Anuyoga, and Atiyoga.

Other Dictionaries

Other Dictionaries

1. Jeffrey Hopkins Dictionary

རྫོགས་རྫོགས་རྫོགས་རྫོགས་
Hopkins' Translations: great completion; Great Completeness; Great Perfection

Synonyms: རྫོགས་པ་ཆེན་པོ་

language:
Tibetan

2. Dan Martin Dictionary

Great Completion. Since the three Inner Method Tantras (nang thabs kyi rgyud) among the nine Vehicles, (i.e., Maha-, Anu- and Ati-yoga Tantras) are identical to Generation (Bskyed), Completion (Rdzogs) and Great Completion (Rdzogs-chen), properly speaking, Great Completion is equivalent to Ati-yoga alone. But, actually, Great Perfection is the aim of all three.

language:
English

3. Rangjung Yeshe Dictionary

  • great perfection, great completeness, Mahasandhi great perfection, maha Ati, total completeness, absolute perfection, total natural perfection. Dzogchen, the Great Perfection

    language:
    English
  • Skt. Mahasandhi - Dzogchen, Great Perfection

    language:
    English

4. Ives Waldo Dictionary

great perfection, great completeness, mahasandhi, maha ati, total completeness, absolute perfection, total natural perfection TSE

language:
English

5. Jim Valby Dictionary

total (completeness, fullness), (great, absolute, total) perfection, most perfect or complete, 1 of rnying ma sects, great perfection, Great Perfection approach

language:
English

6. Richard Barron Dictionary

རྫོགས་པ་ཆེན་པོ་ the great perfection approach; great perfection (=nature/ state) [in second case, without definite article]

language:
Tibetan

7. bod rgya tshig mdzod chen mo

[2359] རྫོགས་པ་ཆེན་པོའི་བསྡུས་མིང། 

language:
English

8. dung dkar bod rig pa'i tshig mdzod chen mo

གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ། དེ་ལ་ནང་གསེས་ཀྱིས་ཕྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བཅས་གསུམ་ཡོད། ༡.སེམས་སྡེ། འདི་ལ་མ་བུ་བསྡོམས་པའི་བཅོ་བརྒྱད་ཡོད་པ་ལས་ལྔ་ནི་ལོ་ཆེན་བཻ་རོ་ཙཱ་ན་དང་། བཅུ་གསུམ་ནི་པཎ་ཆེན་བི་མ་ལ་ལས་བརྒྱུད་པ་ཡིན་ལ་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། ལོ་ཆེན་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ལ་གཉགས་ཛྙ་ན་ཀུ་མ་རས་ཞུས། ཁོང་ལ་བཀའ་ཡི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་སློབ་མའི་མཆོག་བཅུ་ལ་སོགས་པ་བྱུང་བ་ནས་སོག་པོ་སངས་རྒྱས་ཡེ་ཤེས་སོགས་ལ་བརྒྱུད་ནས་བྱུང་བ་ཡིན། ཡང་ལོ་ཆེན་བེེ་རོ་ཙ་ནའི་སློབ་མ་སྤངས་སངས་རྒྱས་མགོན་པོས་རྦ་རཀྵ་ཏ་ལ་གསུངས། དེས་ཡ་ཟི་དར་མ་ཤེས་རབ་སོགས་ནས་བརྒྱུད་པ་དང་། ཡང་། བེེ་རོ་ཙ་ནས་ཇོ་མོ་སྒྲེ་མོ་ལ་གསུངས་པ་སོགས་བརྒྱུད་པ་མི་འདྲ་བ་ཡོད། འདིའི་ལྟ་གྲུབ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། ཡོད་མེད་དང་། ཡིན་མིན་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པ་དེ་ཡིན། ༢.ཀློང་སྡེ། རྫོགས་པ་ཆེན་པོ་ཀློང་སྡེ་ནི་པཎ་ཆེན་བི་མ་ལ་ལས་བྱུང་། དེས《དཔལ་ནམ་མཁའ་དང་མཉམ་པའི་རྒྱུད》ཀྱི་དོན་ཀློང་དགུས་བསྟན་པདང《ཡེ་ཤེས་གསང་བ》ལ་སོགས་པའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཟམ་པའི་མན་ངག་རྣམས་བེེ་རོ་ཙ་ནས་དཔང་མི་ཕམ་མགོན་པོ་ལ་གསུངས་པ་རྣམས་རིམ་གྱིས་འཛེང་ངྷ་རྨ་བོ་ངྷི་སོགས་ནས་རིམ་གྱིས་བརྒྱུད་པ་ལས་འཕེལ་རྒྱས་བྱུང་། འདིའི་ལྟ་གྲུབ་ནི་སེམ་ས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མང་ལྷུང་ལ། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་ཞིང་། རང་རྩལ་མ་འགག་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པར་བྱེད་པ་དེ་ཡིན། ༣.མན་ངག་སྡེ། སྙིང་དིག་གི་སྐོར་རྣམས་དེ། སློབ་དཔོན་པངྨ་འབྱུང་གནས་ནས་བརྒྱུད་པའི་མན་ངག་མཁའ་འགྲོ་སྙིང་ཏིག་དང་པཎ་ཆེན་བི་མ་མི་ཏྲ་ནས་བརྒྱུད་པའི་བི་མ་སྙིང་ཏིག་སོགས་ཡིན་ཞིང་། འདིའི་ལྟ་སྒྲུབ་ནི། འཁོར་འདས་སྤང་བླང་དང་བྲལ་ཞིང་རེ་དོགས་ཕྱོགས་ལྷུང་ལས་བརྒལ་ནས་བློ་དང་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་དེ། གཞི་དབྱིངས་ཀ་དག་མཁྲེགས་ཆོད་དང་། ལམ་སྣང་ལྷུན་གྲུབ་ཐོད་རྒལ་བསྒོམས་པས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པ་དེ་ཡིན། ཡང་དེ་ལས་ཟབ་པའི་རྫོགས་པ་ཆེན་པོ་སྙིང་ཏིག་ནི་པཎ་ཆེན་བི་མ་ལ་མི་ཏྲ(སྔ་མ)བོད་དུ་བྱོན་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ཤིང་། མྱང་གིས་དབུ་རུ་འབྱི་གུང་ཞྭ་ཡི་ལྷ་ཁང་དུ་གཏེར་དུ་སྦས་ནས། ཆིན་བརྒྱུད་ཀྱི་མན་ངག་རྣམས་འབྲོམ་རིན་ཆེན་འབར་ལ་གསུངས་པ་ལས་རིམ་པར་བརྒྱུད། ལྕེ་བཙུན་སེང་གེ་དབང་ཕྱུག་བར་བྱུང་། དེས་གདམས་ངག་རྣམས་གཏེར་ཁ་གསུམ་དུ་སྦས་པ་ལས། རོང་སྣར་མདའི་ལྕེ་སྒོམ་ནག་པོ་དང་། མལ་དྲོ་འཆད་པ་སྟག་གི་ཤངས་པ་རས་པ། ཡར་འབྲོག་གཡུ་མཚོའི་འགྲམ་དུ་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་རྣམས་ཀྱིས་གདེར་ནས་བཏོན་དེ། མན་ངག་རྣམས་རིམ་བཞིན་ཀུན་མཁྱེན་ཀློང་ཆེན་པའི་བར་དུ་བྱུང་། ཀུན་མཁྱེན་ཀློང་ཆེན་པས་རྫོགས་པ་ཆེན་པོ་སྙིང་ཏིག་གི་ཆོས་སྐོར་རྣམས་གཞུང་དང་མན་ངག་གང་ཅིའི་ཐད་ནས་དར་རྒྱས་སུ་མཛད་པས་བོད་ཡོངས་སུ་ཀློང་ཆེན་སྙིང་ཏིག་ཅེས་གྲགས་པ་འདི་བྱུང་། ཡང་མཁའ་འགྲོ་སྙིང་ཏིག་ནི། སློབ་དཔོན་དགའ་རབ་རྡོ་རྫེ་ནས་རིག་འཛིན་ཤྲཱི་སིང་ཧ་ལ་གནང་། དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསན་ནས་བོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེས་གཏེར་དུ་སྦས་པ་རྣམས་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཏེ་རྒྱལ་སྲས་ལེགས་པ་རྒྱལ་མཚན་སོགས་ནས་རིམ་པར་བརྒྱུད་དེ་དར་རྒྱས་སུ་བྱུང་བ་ཡིན། ལོ་རྒྱུས་ཞིབ་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད་པའི《གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་འབྱུང》དང་། ནམ་པ་མཁའ་སྤྱོད་ཀྱིས་མཛད་པའི《གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང》ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི《གཏེར་སྟོན་བརྒྱ་རྩའི་རྣམ་ཐར》བཅས་སུ་གསལ།

language:
Tibetan

9. Thupten Phuntsok Dictionary

བོན་དང་གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ་ཞེས་ཟེར། རྙིང་མའི་ལུགས་ལ་ནང་གསེས་ཀྱིས་དབྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བཅས་གསུམ་ཡོད། ༡ སེམས་སྡེ། འདི་ལ་མ་བུ་བསྡོམས་པའི་བཅོ་བརྒྱད་ཡོད་པ་ལས་ལྔ་ནི་ལོ་ཆེན་བཻ་རོ་ཙཱ་ན་དང་། བཅུ་གསུམ་ནི་པཎ་ཆེན་བི་མ་ལ་ལས་བརྒྱུད་པ་ཡིན་ལ་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། ལོ་ཆེན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་གཉགས་ཛྙ་ན་ཀུ་མ་ར་ལཱ་ཞུས། ཁོང་ལ་བཀའ་ཡི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་སློབ་མའི་མཆོག་བཅུ་ལ་སོགས་པ་བྱུང་བ་ནས་སོག་པོ་སངས་རྒྱས་ཡེ་ཤེས་སོགས་ལ་བརྒྱུད་ནས་བྱུང་བ་ཡིན། ཡང་ལོ་ཆེན་བཻ་རོ་ཙ་ནའི་སློབ་མ་སྤངས་སངས་རྒྱས་མགོན་པོས་རྦ་རཀྵྀ་ཏ་ལ་གསུངས། དེས་ཡ་ཟི་དར་མ་ཤེས་རབ་སོགས་ནས་བརྒྱུད་གསུངས། དེས་ཡ་ཟི་དར་མ་ཤེས་རབ་སོགས་ནས་བརྒྱུད་པ་དང་། ཡང་། བཻ་རོ་ཙ་ནས་ཇོ་མོ་སྒྲེ་མོ་ལ་གསུངས་སོགས་བརྒྱུད་པ་མི་འདྲ་བ་ཡོད། འདིའི་ལྟ་གྲུབ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས་ཡོད་མེད་དང་། ཡིན་མིན་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པ་དེ་ཡིན། ༢ ཀློང་སྡེ། རྫོགས་པ་ཆེན་པོ་ཀློང་སྡེ་ནི་པཎ་ཆེན་བི་མ་ལ་ལས་བྱུང་། དེསདཔལ་ནམ་མཁའ་དང་མཉམ་པའི་རྒྱུད》ཀྱི་དོན་ཀློང་དགུས་བསྟན་པ་དང་ཡེ་ཤེས་གསང་བ》ལ་སོགས་པའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཟམ་པའི་མན་ངག་རྣམས་བཻ་རོ་ཙ་ནས་དཔང་མི་ཕམ་མགོན་པོ་ལ་གསུངས་པ་རྣམས་རིམ་གྱིས་འཛེང་དྷ་རྨ་བོ་དྷི་སོགས་ནས་རིམ་གྱིས་བརྒྱུད་པ་ལས་འཕེལ་རྒྱས་བྱུང་། འདིའི་ལྟ་གྲུབ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མར་ལྷུང་ལ། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པར་བྱེད་པ་དེ་ཡིན། ༣ མན་ངག་སྡེ། སྙིང་ཏིག་གི་སྐོར་རྣམས་ཏེ། སློབ་དཔོན་པདྨ་འབྱུང་གནས་ནས་བརྒྱུད་པའི་མན་ངག་མཁའ་འགྲོ་སྙིང་ཏིག་དང་པཎ་ཆེན་བི་མ་མི་ཏྲ་ནས་བརྒྱུད་པའི་བི་མ་སྙིང་ཏིག་སོགས་ཡིན་ཞིང་། འདིའི་ལྟ་སྒྲུབ་ནི། འཁོར་འདས་སྤང་བླང་དང་བྲལ་ཞིང་རེ་དོགས་ཕྱོགས་ལྷུང་ལས་བརྒལ་ནས་བློ་དང་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་དེ། གཞི་དབྱིངས་ཀ་དག་མཁྲེགས་ཆོད་དང་། ལམ་སྣང་ལྷུན་གྲུབ་ཐོད་རྒལ་བསྒོམས་པས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པ་དེ་ཡིན། ཡང་དེ་ལས་ཟབ་པའི་རྫོགས་པ་ཆེན་པོ། སྙིང་ཏིག་ནི་པཎ་ཆེན་བི་མ་ལ་མི་ཏྲ (སྔ་མ) བོད་དུ་བྱོན་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ཤིང་། མྱང་གིས་དབུ་རུ་འབྲི་གུང་ཞྭ་ཡི་ལྷ་ཁང་དུ་གཏེར་དུ་སྦས་ནས། ཆིག་བརྒྱུད་ཀྱི་མན་ངག་རྣམས་འབྲོམ་རིན་ཆེན་འབར་ལ་གསུངས་པ་ལས་རིམ་པར་བརྒྱུད། ལྕེ་བཙུན་སེང་གེ་དབང་ཕྱུག་བར་བྱུང་། དེས་གདམས་ངག་རྣམས་གཏེར་ཁ་གསུམ་དུ་སྦས་པ་ལས། རོང་སྣར་མདའི་ལྕེ་སྒོམ་ནག་པོ་དང་། མལ་དྲོ་འཆད་པ་སྟག་གི་ཤངས་པ་རས་པ། ཡར་འབྲོག་གཡུ་མཚོའི་འགྲམ་དུ་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་རྣམས་ཀྱིས་གཏེར་ནས་བཏོན་ཏེ། མན་ངག་རྣམས་རིམ་བཞིན་ཀུན་མཁྱེན་ཀློང་ཆེན་པའི་བར་དུ་བྱུང་། ཀུན་མཁྱེན་ཀློང་ཆེན་པས་རྫོགས་པ་ཆེན་པོ་སྙིང་ཏིག་གི་ཆོས་སྐོར་རྣམས་གཞུང་དང་མན་ངག་གང་ཅིའི་ཐད་ནས་དར་རྒྱས་སུ་མཛད་པས་བོད་ཡོངས་སུ་ཀློང་ཆེན་སྙིང་ཏིག་ཅེས་གྲགས་པ་འདི་བྱུང་། ཡང་མཁའ་འགྲོ་སྙིང་ཏིག་ནི། སློབ་དཔོན་དགའ་རབ་རྡོ་རྗེ་ནས་རིག་འཛིན་ཤྲཱི་སིང་ཧ་ལ་གནང་། དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསན་ནས་བོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེས་གཏེར་དུ་སྦས་བེད་སྤྱོད་ལུགས་མཐུན་རྣམས་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཏེ་རྒྱལ་སྲས་ལེགས་པ་རྒྱལ་མཚན་སོགས་ནས་རིམ་པར་བརྒྱུད་དེ་དར་རྒྱས་སུ་བྱུང་བ་ཡིན་ནོ།། (2)བོན་ལུགས་ལ། ཞ་ཞུང་སྙན་བརྒྱུད་ཅེས་པ་རྫོགས་པ་ཆེན་པོའི་གཞུང་དང་མན་ངག་གི་བརྒྱུད་པ་ཆ་ཚང་བ་ཞིག་ཡོད།

language:
Tibetan

10. smon lam tshig mdzod chen mo

རྫོགས་པ་ཆེན་པོའི་བསྡུས་མིང༌།

language:
Tibetan

11. Negi Tibetan-Sanskrit Dictionary

  • nā. mahāpūrṇaḥ, garuḍendraḥ — ནམ་མཁའ་ལྡིང་གི་དབང་པོ་བཞི་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་དབང་པོ་གཟི་བརྗིད་ཆེན་པོ་དང་ལུས་ཆེན་དང་རྫོགས་ཆེན་དང་འཕྲུལ་ཆེན་ཐོབ caturbhiśca garuḍendraiḥ…tadyathā—mahātejasā ca garuḍendreṇa, mahākāyena ca mahāpūrṇena ca maharddhiprāptena ca sa.pu.3kha/2;

    language:
    Sanskrit
  • saṃ. mahāsantiḥ mi. ko.10kha

    language:
    Sanskrit
Grammars:
Language:

rdzogs chen/ has 7 other terms directly related to it, which are presented here.