Skip to main content Skip to search
sgra rig pa/
ID:
T43144
  • སྒྲ་རིག་པ (Tibetan, Tibetan script, Original)
    • > sgra rig pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drarikpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: science of grammar; science of grammar and philology
Sanskrit: {MSA}śabda-vidyā

Comment: One of the five lesser sciences (rig gnas chung ba lnga): healing or medicine (gso ba); grammar (sgra rig pa); epistemology (tshad ma); reasoning (gdan tshig); arts (bzo ba). check these in 3 vol. dic and make entries for each along with five great sciences. These are from Das and seem wrong

དེས་གཞོན་ནུའི་ཚེ་བྲམ་ཟེ་ལྷའི་དབང་པོ་ཞེས་བྱ་བ་དང། རྒྱལ་རིགས་ཉི་མའི་བློ་གྲོས་ལ་སྒྲ་རིག་པ་བརླབ་སྟེ། 
during his youth, [Mañjushrīkīrti] studied the science of grammar and philology with the brahmin Devendriya and the kṣhatriya Sūryamati {GZ 66a.6}

language:
English

2. Rangjung Yeshe Dictionary

science / study of language / grammar. language

language:
English

3. Ives Waldo Dictionary

science/ study of language/ grammar, linguistics

language:
English

4. Jim Valby Dictionary

science of words, grammar, lexicographer, 1 of rig gnas bcu, science of language

language:
English

5. bod rgya tshig mdzod chen mo

[609] རིག་གནས་ཆེ་བ་ལྔའི་ཡ་གྱལ། ཚིག་གི་འཁྲུལ་བ་ཚར་གཅོད་པའམ་སེལ་བར་བྱེད་པ་བརྡ་སྤྲོད་པའི་རིག་པ་སྟེ། སཾཀྲྀཏའི་སྐད་ཀྱི་རང་བཞིན་དང། རྐྱེན་དང། རྣམ་འགྱུར་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་རིག་པའོ། བོད་ཡིག་གི་ཕྲད་རྣམ་དབྱེ་དང། བྱ་ཚིག་བཅས་ཀྱི་རྣམ་གཞག་གསལ་བར་སྟོན་པའི་སུམ་རྟགས་སོགས་བརྡ་སྤྲོད་པའི་རིག་པའོ། …

language:
Tibetan

6. dag yig gsar bsgrigs

is related to
sgra/
  • ( ༡ ) རིག་གནས་ཆེ་བ་ལྔའི་ཡ་གྱལ། ཚིག་གི་འཁྲུལ་བ་ཚར་གཅོད་པའམ་སེལ་བར་བྱེད་པ་བརྡ་སྤྲོད་པའི་རིག་པ་སྟེ། སཾཀྲྀཏའི་སྐད་ཀྱི་རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་རིག་པའོ། བོད་ཡིག་གི་ཕྲད་རྣམ་དབྱེ་དང༌། བྱ་ཚིག་བཅས་ཀྱི་རྣམ་གཞག་གསལ་བར་སྟོན་པའི་སུམ་རྟགས་སོགས་བརྡ་སྤྲོད་པའི་རིག་པའོ།

    language:
    Tibetan
  • ( ༢ ) དངོས་ལུགས་རིག་པའི་ཁག་ཅིག་སྟེ། སྒྲ་འབྱུང་ཚུལ་དང་བརྒྱུད་ཚུལ་གྱི་ཆོས་ཉིད་ལ་བརྟག་དཔྱད་བྱེད་པའི་རིག་པ་ཞིག་གི་མིང་།

    language:
    Tibetan

7. dung dkar bod rig pa'i tshig mdzod chen mo

བརྡ་སྤྲོད་རིག་པ། རིག་གནས་ཆེ་བ་ལྔའི་ནང་གི་སྒྲ་རིག་པ་ཞེས་པ་ནི་གཙོ་བོར་བརྗོད་བྱའི་དོན་སྟོན་པའི་སྒྲ་རྣམས་ཀྱི་དོན་གོ་བརྡ་སྤྲོད་པའི་རིགས་པའི་གཞུང་ལུགས་ལ་ཟེར་བ་ཡིན་ཞིང། སྒྲ་རིག་པ་ལ་མཁས་པའི་མཐར་ཕྱིན་པ་ཞིག་གིསབརྗོད་བྱའི་དོན་མི་སྟོན་པའི་སྒྲའི་འབྱུང་ཁུངས་ལ་བརྟགསནས་བརྗོད་དོན་གོ་བ། དཔེར་ན། ཆུའི་ཐིག་པ་ལྷུང་བའི་སྒྲ་དང། ཤིང་གི་ལོ་མ་རླུང་གིས་གཡོས་པའི་སྒྲ་ལ་བརྟགས་ནས་བརྗོད་དོན་གོ་བ་སོགས་ནི་འབྱུང་པོ་ཐམས་ཅད་པའི་སྐད་ཤེས་པ་ཞེས་སྒྲ་རིག་པ་ལ་མཁས་པའི་མཐར་ཕྱིན་པའི་ཚད་དུ་འཇོག་པའི་གཏམ་རྒྱུད་མང་པོ་ཡོད་པ་ལྟ་བུ་དང། བརྗོད་བྱའི་དོན་སྟོན་པའི་སྒྲ་རིག་པ་ལ་ཡང། རྒྱ་གར་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་དང། བོད་ཀྱི་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་གཉིས་ཡོད། དང་པོ། སྤྱིར་རྒྱ་གར་སྐད་ཀྱི་སྒྲ་རིག་པའི་གཞུང་ཆེ་བ་བཅུ་ཡོད་དེ། <<ཨིནྟྲ་བྱཱ་ཀ་ར་ཎ་>><<བེ་ཤ་ལི་བྱཱ་ཀ་ར་ཎ་>><<ཤ་ཀཽ་ཊ་ཡ་ན་བྱཱ་ཀ་ར་ན་>><<པཱ་ཎི་ནི་བྱཱ་ཀ་ར་ཎ་>><<སུམནྟ་བྷ་དྲ་བྱཱ་ཀ་ར་ཎ་>><<པ་ཏཉྫ་ལི་བྱཱ་ཀ་ར་ཎ་>><<མ་ནུ་ཛནྡྲ་བྱཱ་ཀ་ར་ཎ་>><<ཙནྡྲ་པ་བྱཱ་ཀ་ར་ཎ་>><<ཀ་ལཱ་པ་བྱཱ་ཀ་ར་ཎ་>><<སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་>>བཅས་ཡིན་ཞིང། དེ་རྣམས་ཀྱི་ནང་ནས་བོད་སྐད་དུ་བསྒྱུར་ཟིན་པ་ནི་<<ཀ་ལཱ་པ་>><<ཙནྡྲ་པ་>><<དབྱངས་ཅན་མ་>><<པཱ་ཎི་པ་>>བཅས་བཞི་ཡོད། སྡེ་སྒེ་བསྟན་འགྱུར་[རེ་][ལེ་][ཤེ་][སེ་]བར་པོད་བཞིའི་ནང་<<ཀ་ལཱ་པ་>>རྩ་འགྲེལ་བསྡོམས་སྣ་ཁ་བཅུ་བདུན། <<ཙནྡཱ་པ་>>ལ་རྩ་འགྲེལ་བསྡོམས་སྣ་ཁ་བཅུ་གཅིག། <<དབྱངས་ཅན་མ་>>ལ་རྩ་འགྲེལ་བསྡོམས་སྣ་ཁ་གཉིས། <<པཱ་ཎི་པ་>>ལ་རྩ་འགྲེལ་བསྡོམས་སྣ་ཁ་གཉིས་བཅས་དང། བོད་ཀྱི་མཁས་པས་བརྩམས་པ་ལ་<<ཀ་ལཱ་པའི་འགྲེལ་པ་>>མི་འདྲ་བ་སྣ་ཁ་འཅི་གཅིག་ཙམ་ཡོད་ཅིང། <<ཙནྡྲ་པ་>>ལ་འགྲེལ་བ་མི་འདྲ་བ་བཞི་ཙམ། <<དབྱངས་ཅན་མ་>>ལ་འགྲེལ་བ་མི་འདྲ་བ་བདུན། <<པཱ་ཎི་པ་>>ལ་འགྲེལ་པ་གཅིག་བཅས་དང། གཞན་ཡང་སྒྲ་རིག་པའི་སྐོར་གྱི་ཐོར་བུའི་གཞུང་ནི་ཧ་ཅང་མང་པོ་ཡོད་པ་དཀར་ཆག་ནང་གསལ། རྒྱ་གར་ཀྱི་སྒྲ་རིག་པའི་བསྟན་བཅོས་གྲགས་ཆེ་བ་བརྒྱད་ཡོད་དེ། ༡ཨིནྡྲ་བྱཱ་ཀ་ར་ཎ། ༢པི་ཤ་ལི་བྱཱ་ཀ་ར་ཎ། ༣ཤ་ཀཽཊ་ཡ་ན་བྱཱཀ་ར་ཎ། ༤པཱ་ཎི་ནི་བྱཱ་ཤ་ར་ཎ། ༥སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། ༦པ་ཏཉྫ་ལི་བྱཱ་ཀ་ར་ཎ། ༧མ་ནུ་ཛནྡ་བྱཱ་ཀ་ར་ཎ། ༨ཙནྡྲ་པ་བྱ་ཀ་ར་ཎ་བཅས་བརྒྱད་དང། ཀ་ལཱ་པ་བྱཱ་ཀ་ར་ཎ། དབྱངས་ཅན་བྱཱ་ཀ་ར་ཎ། གཉིས་བསྣན་པའི་བཅུ་ཡོད་པའི་ནང་ནས་ཀ་ལཱ་པ་དང་ཙནྡ་པ། པཱ་ཎི་པ། དབྱངས་ཅན་མ་བཅས་ཆ་ཚང་བ་བོད་སྐད་དུ་འགྱུར་ཡོད་པ། ༡.<<སྒྲ་མདོ་ཀ་ལཱ་པ་>>ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོས་གཞོན་ནུ་གདོང་དྲུག་བསྒྲུབས་ཏི་བསླབས་ཤིང། མཚམས་སྦྱོར་རྐང་པ་ལྔ་དང། མིང་ལེ་དྲུག་ཀུན་བཤད་རྐང་པ་བཞི་སྟ་ལེའུ་བཅོ་ལང་བཤད་ཟིན་པ་ན། རྒྱལ་པོས་དེ་ཙམ་གྱིས་ཆོག་པར་འདོད་ཅེས་སྨྲས་པས་གཞོན་ནུ་གདོང་དྲུག་ལོག་པར་བརྩམས་པ་དང། རྒྱལ་པོས་བསྟན་བཅོས་འདིའི་མིང་བྲིས་པས་བཞོན་པ་ཁ་ཕྱིར་ལོག་ནས་རྨ་བྱའི་མཇུག་མ་བསྟན་སྟེ། ཀ་ལཱ་པ་སུ་ཏྲ་ཞེས་སྨྲས་པ་དེ་ཆ་བསགས་ཞེས་པའི་དོན་དུ་བསྒྱུར། ལེའུ་བཅོ་ལྔའི་ལྷག་མ་ཀུན་བཤད་ལ་བཞི་དང། ཀྲིར་ལ་དྲུག་ཡོད་པ་རྣམས་བྲམ་ཟེ་ཤར་ཝ་རྨ་དང། མཆོག་སྲེད་གཉིས་ཀྱིས་ཁ་བསྐང་ནས་ཤླཽ་ཀ་བཞི་བརྒྱ་དང། ལེའུ་ཉི་ཤུ་རྩ་ལྔ་ཚང་བ་འདི་བྱུང། འདིའི་འབྲེལ་བ་ཕྱི་རོལ་པའི་པཎྜིཏ་ཨུ་ག་བྱ་རི་སྟེ་གྲགས་འབྱོར་གྱིས་བརྩམས་པ་ལ་ལེའུ་ཉི་ཤུ་རྩ་བདུན་ཡོད་ཅིང། འདི་ལས་བཏུས་པའི་འགྲེལ་པ་ཉུང་ངུ་ཞིག་པཎྜི་ཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཞི་བ་འོད་ཀྱིས་མཐོ་ལྡིང་གཙུག་ལག་ཁང་དུ་བསྒྱུར་བ་ཡོད། ཡང་ནང་པའི་པཎྜི་ཏ་དུ་རྒ་སྟེང་སྟེ་བགྲོད་དཀའ་སེང་གེ་ཞེས་པས་བརྩམས་པ་<<འགྲེལ་པ་དུར་སིང་>>ཞེས་པ་ཞིག་དང། ཁ་ཆེའི་པཎྜི་ཏ་ར་ཙྪ་ཏྲ་སྟེ་རིན་ཆེན་གདུགས་ཞེས་པས་བརྩམས་པའི་འགྲེལ་པ་དང། སློབ་དཔོན་སྤྱན་གསུམ་འབངས་ཀྱིས་མཛད་པའི་དུར་སེང་གེ་འགྲེལ་པ་སོགས་ཡོད་ཅིང། ཐར་ལོ་ཉི་མ་རྒྱལ་མཚན་གྱིས་འགྲེལ་པ་འདི་བསྒྱུར་ཡང་ཆ་ཚང་བར་མ་བསྒྱུར་བ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དཔོན་ཆེན་ཤཱཀྱ་བཟང་པོས་བསྐུལ་མ་གནང་བ་ལྟར་ཤོང་ལོ་རྩ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཀ་ལཱ་པའི་གཞུང་ཆ་ཚང་བ་བོད་སྐད་དུ་བསྒྱུར་ནས་འཆད་ཉན་ཀྱང་སློབ་མ་མཁས་པ་མང་དུ་ཐོབ་ཅིང་ལྷག་པར་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས<<འགྲེལ་པ་དུར་སིང་>>གི་ལེའུ་བཅུ་གཉིས་ཙམ་དང། <<སི་སོགས་ཀྱི་མཐའ་དཔྱད་པ་>>འཇམ་དཔལ་གྲགས་པས་མཛད་པ་འགྱུར་ཞིང། བུ་སྟོན་རིན་པོ་ཆེས་<<ཀ་ལཱ་པའི་འགྲེལ་པ་དུར་ཟིང་>>ཡོངས་སུ་རྫོགས་པ་བོད་སྐད་དུ་བསྒྱུར་བར་མཛད། དཔང་ལོའི་སློབ་མ་ཏི་རྣམ་གཉིས་དང། ལོ་ཆེན་བྱང་ཆུབ་རྩེ་མོས་<<ཀ་ལཱ་པའི་འགྲེལ་པ་སློབ་ལ་ཕན་པ་>>བསྒྱུར། དེའི་སློབ་མ་ནམ་མཁའ་བཟང་པོས་དེ་ལ་འགྱུར་བཅོས་མཛད། ལོ་ཙཱ་བ་དེ་དང་དེའི་སློབ་མ་ཤེས་རབ་དཔལ་གཉིས་ཀྱི་དྲུང་ནས་ལོ་ཙཱ་བ་ཐུགས་རྗེ་དཔལ་གྱིས་སློབ་ཁྲིད་གསན་ཏེ་<<ཀ་ལཱ་པའི་འགྲེལ་ཊིཀྐ་ཆེན་མོ་>>བརྩམས་པར་མཛད། གཞན་ཡང་<<ཀ་ལཱ་པའི་>>གཞུང་འདི་ལ་བོད་ཀྱི་མཁས་པས་མཛད་པའི་འགྲེལ་པ་མང་དུ་ཡོད་པ་གཤམ་གསལ། ལོ་ཙཱ་བ་ནམ་མཁའ་བཟང་པོས་མཛད་པའི་<<ཀ་ལཱ་པའི་ཊཱིཀྐ་ལེགས་སྦྱར་འབྱུང་གནས>>དང། སྙེ་ཐང་བློ་བརྟན་བཞི་པས་མཛད་པའི་<<ཀ་ལཱ་པའི་འགྲེལ་ཊཱིཀྐ་ཆེན་མོ་>>ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་<<ཀ་ལཱ་པའི་བཤད་སྦྱར་གཞུང་དོན་གསལ་བ་>>དང། <<སྐད་དོན་ཉེར་མཁོ་>>ཞ་ལུ་ལོ་ཙཱ་བ་དཔལ་ལྡན་དབང་པོའི་སྡེས་མཛད་པའི་<<ཀ་ལཱ་པའི་མཚམས་སྦྱོར་གྱི་ཊཱིཀྐ་འཆད་ཉན་རྣམ་གསལ་>>བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་<<ཀ་ལཱ་པའི་མདོ་རྒྱན་>>ཆུ་མིག་ལོ་ཙཱ་བས་མཛད་པའི་<<ཀ་ལཱ་པའི་ཊཱིཀྐ་>>དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་<<ཀ་ལཱ་པའི་སྤྱི་དོན་>>སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་<<ཀ་ལཱ་པའི་སྤྱི་དོན་>>བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི<<ཀ་ལཱ་པའི་ཊཱིཀྐ་>>ཀརྨ་མི་བསྐྱོད་རྡོ་རྗེས་མཛད་པའི་<<ཀ་ལཱ་པའི་ཊཱི་ཀྐ་>>སོགས་མང་དུ་ཡོད། ༢.<<ཙནྡྲ་>>ནི་རྒྱ་གར་གྱི་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྒྲ་མདོ་ཞིག་སྟེ། འདི་ཡང་ཐོག་མར་འགྲོ་མགོན་འཕགས་པའི་དུས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་བོད་སྐད་དུ་བསྒྱུར། <<ཙནྡ་པའི་མདོའི་འགྲེལ་པ་>>ལ་སློབ་དཔོན་ཙནྡ་གོ་མིའི་ཡབ་བམ་ཞང་པོ་ཆོས་འབངས་ཞེས་པས་མཛད་པ་ཤླཽ་ཀ་སྟོང་ཕྲག་དྲུག་ཡོད་པ་ཞིག་དང། པཎྜི་ཏ་རཏྣ་མ་ཏི་རིན་ཆེན་བློ་གྲོས་ཀྱིས་མཛད་པ་ཤྐཽ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞིག་དེའི་ཡང་འགྲེལ་པ་པཎྜི་ཏ་པུརྣ་བརྫ་སྟེ་གང་བའི་ཟླ་བ་ཞེས་པས་མཛད་པ་ཤྐཽ་ཀ་སྟོང་ཕྲག་སུམ་ཅུ་སོ་དྲུག་ཡོད་པ་ཞིག་དང་<<བྱིངས་མདོའི་འགྲེལ་པ་བྱིངས་ཀྱི་དཔུང་གཉེན་>>ཞེས་པ་ཞིག་<<ཡི་གེའི་མདོའི་འགྲེལ་པ་>>སློབ་དཔོན་ཆོས་སྐྱོང་གིས་མཛད་པ། པཎྟི་ཊ་ཏ་བརྡ་སྤྲོད་པའི་དབང་ཕྱུག་གི་མཛད་པའི་<<སློབ་དཔོན་ཙནྡྲ་གོ་མིའི་གསུང་ལ་གཅེས་སྤྲས་སུ་བྱས་པ་>>བྲམ་ཟེ་སྨྲ་བའི་སེང་གེའམ་པནྟ་ཏ་ཨ་པ་རྭ་རྫི་ཏ་ཞེས་པས་མཛད་པ་<<གནས་བརྒྱད་ཆེན་མོ་>>དང། དེའི་འགྲེལ་པ་ཁ་ཆེ་ལེགས་སྦྱར་གསུམ་ལྡན་ཞེས་པས་མཛད་པ། པནྟ་ཏ་ནོར་བཟང་གྲགས་པས་བཛད་པ་<<ཙནྡྲ་བྱྭ་ཀ་ཎའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ་>>དང། དེའི་སློབ་མ་པནྟ་ཏ་སྨྲི་ཏི་ཛ྅་ན་ཀི་རྟིས་མཛད་པ་<<སྨྲ་སྒོ་མཚོན་ཆ་>>སོགས་ཡོད་ལ། གཞན་ཡང་<<ཙནྡྲ་པའི་>>གཞུང་འདིའི་འགྲེལ་པ་བོད་ཀྱི་མཁས་པས་མཛད་པ་ལ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་<<ཙནྡྲ་པའི་འགྲེལ་པ་བརྡ་སྤྲོད་རྒྱ་མཚོའི་གྲུ་གཟིངས་>>ལོ་ཆེན་ཐུགས་རྗེ་དཔལ་གྱིས་མཛད་པའི་<<ཙནྡྲ་པའི་འགྲེལ་པ་མཚན་ཉིད་གསལ་བར་བྱེད་པ་ཡིད་བཞིན་ནོར་བུ་>>སོགས་འགའ་ཞིག་ཡོད། ༣<<པྭ་ཎི་པ་>>སངས་རྒྱས་ཤྭཀྱམུ་ནི་སྐུ་མྱང་ངན་ལས་འདས་ནས་རིང་པོར་མ་ལོན་པར་བྲམ་ཟེའི་ཁྱིའུ་པྭ་ཎི་ཞེས་ལོ་ན་ཆུང་དུས་ནས་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས་<<པྭ་ཎི་བྱྭ་ཀ་ར་ན་>>ཞེས་པ་ཤློོ་ཀ་གཉིས་སྟོང་ཡོད་པ་ཞིག་བརྩམས། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་<<མཧྭ་གྷ་ཥ>>ཞེས་པའི་འགྲེལ་པ་ཞིག་བརྩམས་པ། རྩ་འགྲེལ་གཉིས་ཀར་འཆད་ཡན་ཐེངས་རེ་ཚར་བ་ལ་ལོ་བཅུ་གཉིས་ཙམ་འགོར་ཡོད་པ་བཤད། སློབ་དཔོན་ར་ན་ཙནྡྲས་རྩ་འགྲེལ་གཉིས་ཀ་བསྡུས་པའི་སྙིང་པོའི་རྩ་བ་དང་། <<འགྲེལ་པ་རབ་ཏུ་བྱ་བ་>>ཞེས་པ་ཞིག་བརྩམས་པ་དེར་མིང་དང་དབྱངས་གསལ་བྱེད་རྣམ་བཅད་བཅས་མཚམས་སྦྱོར་ལ་ལེའུ་ལྔ་། ཕོ་མོ་མ་ནིང་གི་དབྱངས་གསུམ། ་དང་། ཕོ་མོ་མ་ནིང་གི་གསལ་བྱེད་གསུམ། མི་ཟད་པ། བུད་མེད་དུ་བརྗོད་པ། བྱེད་ཅན། ཚིག་སྡུད། བུ་བརྒྱུད། དེ་ཕན་བཅས་མིང་ལེའུ་བཅུ་གཉིས། རྣམ་དབྱེའི་འཇུག་པ་བྷུ་ཨད་ཧུ་སོགས་ཀུན་བཤད་ཀྱི་ལེའི་བཅུ་བདུན། བྱེད་ཅན་གྱི་ལེའུ་བཞི་བཅས་ལེའུ་ཉེར་བརྒྱད་ཡོད་པ་བརྩམས། འོན་ཀྱང་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཡན་ལ་མིང་ཙམ་ལས་བོད་སྐད་དུ་མ་འགྱུར་ཞིང་། སྐབས་དེར་རྒྱ་གར་ནུབ་ཕྱོགས་ཀྱི་པཎྟི་ཏ་ཆེན་པོ་པཱ་ལ་བྷ་དྲ་དང་། དེའི་གཅུང་པཎྟི་ཏ་གོ་ཀུ་ལ་ན་ཐཱ་མི་ཤྲ་སྐུ་མཆེད་གཉིས་བོད་དུ་ཕེབས་སྐབས་ཁོང་རྣམ་གཉིས་ལ་གསར་ཞོ་བརྒྱ་ཕྲག་མང་པོའི་སློབ་ཡོན་གནང་སྟེ། འདར་པོ་ལོ་རྩ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལ་<<སྒྲ་མདོ་པཱ་ཎི་པ་>>ཆ་ཚང་བར་སློབ་དགོས་པའི་བཀའ་སློབ་གནང་བ་ལྟར། ཁོང་གཉིས་པཎྟི་ཏ་རྣམ་གཉིས་ཀྱི་དྲུང་ནས་སྒྲ་གཞུང་འདི་ཆ་ཚང་བར་སློབ་སྦྱོང་གནང་མཛད་པ་དང་ཆབས་ཅིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། ལོ་རྩ་བ་དེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པ་དང་རབ་བྱུང་བཅུ་གཅིག་པའི་ས་ཁྱི་(༡༦༥༨)ལོར་<<སྒྲ་མདོ་པཱ་ཎི་པའི་འགྲེལ་པ་ནོར་གྱི་ཤིང་རྟ་>>ཞེས་པ་འདི་བརྩམས་པར་མཛད་པ་ནས་སྒྲ་གཞུང་འདི་དར་འཕེལ་བྱུང་བ་ཡིན། ༤<<དབྱངས་ཅན་མ་>>རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་ཀྱི་དགེ་བསྙེན་ཨ་ནུ་ཤུ་ཏི་ཞེས་བྱ་བ་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས་ནམ་ཞིག་པཎྟི་ཏ་གཞན་དག་དང་རྩོད་གླེང་སྐབས་སྐྱེ་རྣམ་ཞེས་པའི་སྐད་དོད་ལ་སུམ་སུ་ཞེས་པ་ཞལ་ནོར་ནས་སུམ་ཀྟུ་ཞེས་གསུངས་པ་དེ་ལ་ཁུངས་ལུང་བསྟན་པའི་ཆེད་དུ། ཁོང་གི་ཡིད་དམ་ལྷ་མོ་དབྱངས་ཅན་མས་ཞལ་བསྟན་ནས་སྒྲ་མདོ་འདི་གསུངས་པས་གཞུང་འདིའི་མིང་ལ་<<དབྱངས་ཅན་སྒྲ་མདོ་>>ཞེས་བཏགས་པ་ཡིན་ཟེར་སྲོལ་ཡོད། གཞུང་དེ་ལ་རྒྱ་གར་དུ་འགྲེལ་པ་གྲགས་ཆེ་བ་དྲུག་ཡོད། <<འགྲེལ་པ་བི་མ་ལ་དྭ་ས་>>ཞེས་རྩོམ་པ་པོའི་སློབ་དཔོན་ལ་བརྟེན་ནས་མིང་དུ་བཏགས་པ་ཞིག་དང་། <<ཀ་མ་རྟེན་དུ་>>ཞེས་པ་དེང་སང་བར་སྦེད་པ་གཅིགསློབ་དཔོན་གོང་གསལ་གྱིས་མཛད་པའི་<<གསལ་ལྡན་ཆུ་རྒྱུན་>>གཞན་ཡང་ཕྱི་རོལ་བའི་པཎྟི་ཏས་བརྩམས་པའི་འགྲེལ་པ་<<པ་རི་དི་བེ་ཀ་སྟེ་>>ཡོངས་སུ་སྣང་བྱེད་ཅེས་པ་དང་<<མཎྟ་ནི་>>ཞེས་རྒྱན་དུ་གྱུར་པ་སོགས་རྒྱ་གར་ཡུལ་འབུས་ཀྱི་ཕྱི་ནང་གི་པཎྟི་ཏ་མང་པོས་བརྩམས་པའི་འགྲེལ་པ་ཧ་ཅང་མང་པོ་ཡོད། <<དབྱངས་ཅན་སྒྲ་མདོ་>>འདི་བོད་ཀྱི་ལྷ་མཐོང་ལོ་རྩྭ་བ་བཤེས་གཉེན་རྣམ་རྒྱལ་གྱིས་གཞུང་ཕྱེད་ཙམ་བོད་སྐད་དུ་བསྒྱུར་ཞིང། ཇོ་ནང་ཏྭ་ར་ན་ཐས་གཞུང་འདི་ཉིད་ཀྱི་རྩ་བ་བསྒྱུར་ཞིང། <<མཆོག་ཏུ་གསལ་བ་>>ཞེས་པའི་འགྲེལ་པ་ཞིག་ཀྱང་མཛད། རྗེས་སུ་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བསྐུལ་མ་གནང་བ་ལྟར་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་(༡༦༦༥)ལོར་འདར་པ་ལོ་ཙྭ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་<<དབྱངས་ཅན་སྒྲ་མདོའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་>>སློབ་དཔོན་ཨ་ནུ་ཤུ་ཏིས་མཛད་པ་འདི་ཉིད་བོད་སྐད་དུ་བསྒྱུར། གཞན་ཡང་བྱ་བྲལ་བློ་བཟང་རིན་ཆེན་གྱིས་མཛད་པའི་<<དབྱངས་ཅན་སྒྲ་ཊྰིཀྐ་མཆན་>>ངམ་རིང་མཁན་པོ་ཚགས་སྦུར་བ་སྐལ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་<<དབྱངས་ཅན་སྒྲ་ཊྰིཀྐ་མཆན་>>སོགས་མང་པོ་ཡོད། གཉིས་པ། བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་སམ་བྷོ་ཊས་མཛད་པའི་<<སུམ་ཅུ་པ་>>དང་། <<རྟགས་ཀྱི་འཇུག་པ་>>སོགས་སྒྲའི་བསྟན་ཆོས་བརྒྱད་དང་<<ཐོན་མིའི་མདོ་རྫིའི་སྒྲ་མདོ་>>དཔང་ལོ་རྩ་བ་བློ་གྲོས་བརྟན་པས་མཛད་པའི་་<<ཚོགས་གསུམ་གསལ་བ་>>ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་<<སུམ་རྟགས་ཀྱི་འགྲེལ་པ་>>སོགས་སུམ་རྟགས་ཀྱི་འགྲེལ་པ་ཧ་ཅང་མང་པོ་བཞུགས་ཡོད་པ་འདིར་མ་བྲིས། གསུམ་པ། སྒྲ་རིག་པའི་ནང་དོན་གྱི་གཙོ་བོ་ནི་། རྒྱ་གར་སྐད་ཀྱི་དབང་དུ་བྱས་ན། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱི་སྒོ་ནས་བཤད་དགོས་པས། དང་པོ་རང་བཞིན་ལ་བྱིངས་དང་མིང་གཉིས་ཡོད། བྱིངས་ལ་ཡང་ནང་གསེས་གསུམ་སྟེ། ༡མདོའི་བྱིངས། ༢རྐྱེན་གྱི་བཅོས་པའི་བྱིངས། གླེགས་བམ་ལས་བྱུང་བའི་བྱིངས་བཅས་ཡིན། རང་བཞིན་གྱི་ནང་གསེས་མིང་དང་རྟགས་ཞེས་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སྟེ་བྱིངས་ལ་ཀྲིད་ཅན་མ་བྱིན་པས་བྱིངས་ཀྱི་མིང་བོར། སི་སོགས་ཀྱི་རྣམ་དབྱེ་མ་བྱིན་པས་ཚིག་དུ་མ་གྲུབ་པ་དེ་ལ་མིང་དང་རྟགས་ཞེས་ཟེར་བཞིན་དེ་ལ་ཕོ་མོ་མ་ནིང་གི་རྟགས་གསུམ་ཡོད་ཅིང་དེར་རེ་རེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད། གཉིས་པ། རྐྱེན་ནི་སྒྲའི་རང་བཞིན་དེ་གཉིས་མིང་ཚིག་བྱིངས་གང་རུང་དུ་བསྒྲུབ་པར་བྱེད་པའི་རྐྱེན་ཞིག་ལ་ཟེར་ཞིང་། དེ་ལ་ཡང་། བྱིངས་རྟགས་སུ་སྒྲུབ་པར་བྱེད་པའི་རྐྱེན། བྱིངས་ཚིག་ཏུ་སྒྲུབ་པ། བྱིངས་བྱིངས་སུ་སྒྲུབ་པ། རྟགས་རྟགས་སུ་སྒྲུབ་པ། མིང་མིང་དུ་སྒྲུབ་པ། རྟགས་བྱིངས་སུ་སྒྲུབ་པ། རྟགས་ཚིག་སུ་སྒྲུབ་པ་བཅས་སྐྱེན་བདུན་ཡོད། གསུམ་པ། རྣམ་འགྱུར་ལ་མིང་ལེ་ཀུན་བཤད་ཀྲེར་དུང་བཅས་པ་རྣམས་ཀྱི་བསྒྱུར་བ་དང་དབྱེ་བ་ནི། རང་བཞིན་དང་རྐྱེན་གཉིས་འབྲེལ་བ་ལ་བརྟེན་ནས་བྱུང་བའི་རྣམ་འགྱུར་ཡིན་ཞིང་། མཚམས་སྦྱོར་ལེའུ་ལྔའི་བསྒྱུར་བ་དང་། དབྱེ་བ་ནི་ཡི་གེ་ཙམ་དང་འབྲེལ་བའི་རྣམ་འགྱུར་ཡིན། ཞིབ་པར་སྒྲ་རིག་པའི་གཞུང་རྣམས་སུ་གསལ། བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པའི་གཞུང་གི་བརྗོད་བྱ་གཙོ་བོ་ནི་ཚོགས་གསུམ་སྟེ། མིང་གི་ཚོགས། ཚིག་གི་ཚོགས། དེ་གཉིས་འགྲུབ་བྱེད་ཀྱི་ཡི་གེའི་ཚོགས་བཅས་ཡིན་ཞིང་། སུམ་རྟགས་གཉིས་དང་དག་ཡིག་བཅས་ཀྱིས་ཚོགས་གསུམ་པོ་དེ་རྒྱས་པར་བཤད་པ་ཡིན་པས་བོད་སྐད་ལ་སྒྲ་རིག་པའི་གཞུང་མེད་ཟེར་བ་ནི་སྒྲ་རིག་པ་ཟེར་བ་གང་ལ་གོ་དགོས་པ་མི་ཤེས་པའི་རྟགས་ཡིན་ནོ།

language:
Tibetan

8. Thupten Phuntsok Dictionary

རིག་གནས་ཆེ་བ་ལྔའི་ཡ་གྱལ། ཚིག་གི་འཁྲུལ་བ་ཚར་གཅོད་པའམ་སེལ་བར་བྱེད་པ་བརྡ་སྤྲོད་པའི་རིག་པ་སྟེ། སཾཀྲྀཏའི་སྐད་ཀྱི་རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་སུམ་རྟགས་སོགས་བརྡ་སྤྲོད་པའི་རིག་པའོ། །

language:
Tibetan

9. smon lam tshig mdzod chen mo

རིག་གནས་ཆེ་བ་ལྔའི་ཡ་གྱལ། ཚིག་གི་འཁྲུལ་བ་ཚར་གཅོད་པའམ་སེལ་བར་བྱེད་པ་བརྡ་སྤྲོད་པའི་རིག་པ་སྟེ། སཾཀྲྀཏའི་སྐད་ཀྱི་རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་རིག་པའོ། བོད་ཡིག་གི་ཕྲད་རྣམ་དབྱེ་དང༌། བྱ་ཚིག་བཅས་ཀྱི་རྣམ་གཞག་གསལ་བར་སྟོན་པའི་སུམ་རྟགས་སོགས་བརྡ་སྤྲོད་པའི་རིག་པའོ། 2.1 སྐད་ཆའི་ཡོང་ཁུངས་དང་སྐད་གདངས་བརྡ་སྤྲོད་སོགས་བཤད་པའི་རིག་པའི་མིང་། 2 དངོས་ལུགས་རིག་པའི་ཁག་ཅིག་སྟེ། སྒྲ་འབྱུང་ཚུལ་དང་བརྒྱུད་ཚུལ་གྱི་ཆོས་ཉིད་ལ་བརྟག་དཔྱད་བྱེད་པའི་རིག་པ་ཞིག་གི་མིང་།

language:
Tibetan

10. Lokesh Chandra Tibetan-Sanskrit dictionary

Sanskrit:
śabdaracana, śabdacuñcu, śabdavidyā

11. Negi Tibetan-Sanskrit Dictionary

  • pā. śabdavidyā, pañcavidyāsthāneṣu ekam — pañcavidhaṃ vidyāsthānam

    language:
    Sanskrit
  • adhyātmavidyā hetuvidyā śabdavidyā cikitsāvidyā śilpakarmasthānavidyā ca sū.a.176ka/70.

    language:
    Sanskrit

sgra rig pa/ has 1 other term directly related to it, which is presented here.


Sanskrit:
śabdaracana, śabdacuñcu, śabdavidyā