Skip to main content Skip to search
nam/
ID:
T107328
  • ནམ (Tibetan, Tibetan script, Original)
    • > nam/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: or; and; when; time

nam is also used as a question particle; see example 3

language:
English

2. Dan Martin Dictionary

In the phrase gser nam, a drachma of gold. Karmay, Treasury. See under drug nam. gser zho'i skar ma. Btsan-lha. When used directly before a verb: from the time when you start[ed] [the verbal action].

language:
English

3. Rangjung Yeshe Dictionary

1) question particle for words ending in 'n'. 2) when, whenever. night, at day-break, midnight; (coll) time/ when; when, now; now

language:
English

4. Ives Waldo Dictionary

1) when[ever]; 2) [mid]night; 3) or; 4) ? [words ending in m]; 5) part whenever; 6) at day-break

language:
English

5. Jim Valby Dictionary

ever, when night, when, interrogative particle after the letter na, when, whenever, also, or

language:
English

6. bod rgya tshig mdzod chen mo

[1517] 1... .1༽ གང་གི་དུས་སུ། ... ཆར་པ་ནམ་འབབ་ངེས་མེད། ... ལས་འགན་ནམ་འགྲུབ་ཡོང། ... སློབ་གྲྭར་ནམ་འགྲོ། ... སྔོན་ཆད་ནམ་ཡང་ཐོས་མ་མྱོང་ལ་ཕྱིན་ཆད་ཀྱང་ནམ་ཡང་འབྱུང་མི་སྲིད། ... ངལ་རྩོལ་མི་དམངས་བདེ་སྐྱིད་འཐོབ་ཆེད་ནམ་ཡང་འབད་བརྩོན་ལྷུར་ལེན་བྱེད། ... གཟའ་ཉི་མ་ནམ་ཤར་ལ་ངལ་གསོ་ཡིན། ... 2༽ མཚན་མོ། ... ནམ་མི་ལངས་ཀ་མེད་ཉི་མས་འདེད། ... 2. མིང་མཐའ་ནའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག་... ན་... དགའ་སྟོན་ནམ་ཚོགས་འདུ། ... གཡས་གཡོན་ནམ་སྟོད་སྨད། ... 3. མིང་མཐའ་ནའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག་... ན་... ཡིན་ནམ་མིན་ནམ། ... སྨན་འདིས་ན་ཚ་འདི་རིགས་ལ་ཕན་ནམ་མི་ཕན། ...

language:
English

7. dag yig gsar bsgrigs

is related to
nam gung /, nam langs/, nam phugs/, nam zhig, nam yang /
  • ༡ མཚན་དུས་ཀྱི་མིང་སྟེ། ནམ་སྟོད། ནམ་སྨད། སྟོན་ནམ་རིང་མོ་ཞེས་པ་ལྟ་བུ།

    language:
    Tibetan
  • ༢ དུས་ངེས་མེད་ཀྱི་དོན་ཏེ། ཁྱོད་ནམ་འགྲོ་རྒྱུ་ཡིན། ནམ་དུས་འགྲོ་རྒྱུ་ཡིན་ལྟ་བུ།

    language:
    Tibetan
  • ༣ གམ་ལ་ལྟོས།

    language:
    Tibetan

8. Thupten Phuntsok Dictionary

(1) གང་གི་དུས་སུ། ཆར་པ་ནམ་འབབ་ངེས་མེད། ལས་འགན་ནམ་འགྲུབ་ཡོང་། སློབ་གྲྭར་ནམ་འགྲོ། སྔོན་ཆད་ནམ་ཡང་ཐོས་མ་མྱོང་ལ་ཕྱིན་ཆད་ཀྱང་ནམ་ཡང་འབྱུང་མི་སྲིད། ངལ་རྩོལ་མི་དམངས་བདེ་སྐྱིད་འཐོབ་ཆེད་ནམ་ཡང་འབད་བརྩོན་ལྷུར་ལེན་བྱེད། གཟའ་ཉི་མ་ནམ་ཤར་ལ་ངལ་གསོ་ཡིན། (2) མཚན་མོ། ནམ་མི་ལངས་ཀ་མེད་ཉི་མས་འདེད། མིང་མཐའ་ནའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག དགའ་སྟོན་ནམ་ཚོགས་འདུ། གཡས་གཡོན་ནམ་སྟོད་སྨད། (3) མིང་མཐའ་ནའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག ན་ཡིན་ནམ་མིན་ནམ། སྨན་འདིས་ན་ཚ་འདི་རིགས་ལ་ཕན་ནམ་མི་ཕན།

language:
Tibetan

9. smon lam tshig mdzod chen mo

  • 1.གང་གི་དུས་སུ་ཞེས་པ་དང་འདྲ་སྟེ།

    Model Sentence

    (དཔེར་ན།) ཆར་པ་ནམ་འབབ་ངེས་མེད། ལས་འགན་ནམ་འགྲུབ་ཡོང༌། སློབ་གྲྭར་ནམ་འགྲོ། སྔོན་ཆད་ནམ་ཡང་ཐོས་མ་མྱོང་ལ་ཕྱིན་ཆད་ཀྱང་ནམ་ཡང་འབྱུང་མི་སྲིད། ངལ་རྩོལ་མི་དམངས་བདེ་སྐྱིད་འཐོབ་ཆེད་ནམ་ཡང་འབད་བརྩོན་ལྷུར་ལེན་བྱེད། གཟའ་ཉི་མ་ནམ་ཤར་ལ་ངལ་གསོ་ཡིན་ཞེས་པ་ལྟ་བུ།

    language:
    Tibetan
  • 2.མཚན་མོའི་དུས་ཏེ།

    Model Sentence

    (དཔེར་ན།) ནམ་མི་ལངས་ཀ་མེད་ཉི་མས་དེད་ཅེས་པ་ལྟ་བུ།

    language:
    Tibetan
  • 3..མིང་མཐའ་ནའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག

    Model Sentence

    (དཔེར་ན།) དགའ་སྟོན་ནམ་ཚོགས་འདུ། གཡས་གཡོན་ནམ་སྟོད་སྨད་ཅེས་པ་ལྟ་བུ།

    language:
    Tibetan
  • 4.མིང་མཐའ་ནའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག

    Model Sentence

    (དཔེར་ན།) ཡིན་ནམ་མིན་ནམ། སྨན་འདིས་ན་ཚ་འདི་རིགས་ལ་ཕན་ནམ་མི་ཕན་ཞེས་པ་ལྟ་བུ།

    language:
    Tibetan

10. Yogācāra Glossary

Sanskrit:


  • rajanī
  • rātra

11. Negi Tibetan-Sanskrit Dictionary

  • saṃ. = མཚན་མོ rātram, rātriḥ — ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད pūrvarātrāpararātraṃ jāgarikānuyuktatā śrā. bhū.6ka/11; བདག་གིས་ནམ་ཕྱེད་དམ་ཟླ་བ་ཤར་བའམ་ཟླ་བ་ནུབ་པའི་ཚེ་སད་པར་བྱའོ༎ ardharātre candrodaye candrāstamaye vā mayā praboddhavyam abhi.sphu.298ka/1155; tamasvinī — atha śarvarī…vibhāvarītamasvinyau rajanī yāminī tamī

    language:
    Sanskrit
  • a.ko.1.4.5; tamo'syāmastīti tamasvinī a.vi.1.4.5;

    language:
    Sanskrit
  • avya. 1. = གང་ཚེ kadā — འོ་ན་ནམ་འགྱུར་ཞེ་ན kadā tarhi bhavati abhi.bhā.227kha/764; yadā—འདི་དག་ཐམས་ཅད་རྣམ་སྤངས་ཤིང་། /སྣང་བ་མེད་པར་ནམ་གྱུར་པ (འགྱུར་བ)// vidhūya sarvāṇyetāni nirābhāsaṃ yadā bhavet

    language:
    Sanskrit
  • la.a.94kha/41; གཞན་དུ་ན་ནམ་མངོན་པར་བཤད་པ་དེའི་ཚེ་ཀུན་ཤེས་ཤིང་ཐོས་པའི་ལམ་དུ་འགྱུར་རོ༎ anyatra yadā'bhibhāṣyate tadā ājñāyate, śravaṇapathaṃ cādhigacchati su.pa. 48ka/25; བཅོམ་ལྡན་འདས་བདག་རི་དང་རི་སུལ་དང་ནགས་ཁྲོད་དང…ཤིང་དྲུང་དབེན་པར་གདུགས་ལ་གནས་པའི་སླད་དུ་རྟག་པར་ནམ་མཆི་བ yadā cāhaṃ bhagavan abhīkṣṇaṃ gacchāmi parvatagirikandarāṇi…vṛkṣamūlānyekāntāni divāvihārāya sa.pu.25ka/44 2. vā — བྱིའུ་འདི་གསོན་ནམ་མི་གསོན kimayaṃ caṭako jīvati na vā abhi.sphu.322ka/1212; ནུས་པ་དེ་དོན་གཅིག་ལ་ངེས་པ་ཡིན་ནམ་དོན་དུ་མ་ལ་ངེས་པ་ཡིན sā śaktirekārthaniyatā vā bhavet, nānārthaniyatā vā ta.pa.198kha/863; བསམ་གཏན་ནམ་གཟུགས་མེད་པ་དག་པ་པ་འཐོབ śuddhakaṃ vā pratilabhate dhyānam, ārūpyaṃ vā abhi.sphu.297ka/1152; ཕྱིན་ཅི་ལོག་གི་དོན་ཅན་ནམ་བདེན་པའི་དོན་ཅན་ཉིད་ཀྱིས་ཏེ་རྒྱུ་རྣམ་པ་གཉིས་ཀྱིས་དོན་དང་ལྡན་པ་ཡིན་ཏེ། dvābhyāṃ prakārābhyāmarthavattā bhavati — aviparītārthatvena, viparītārthatvena vā ta.pa.42kha/534; dra.— ནམ་ཁྱོད་སྡེ་སྣོད་གསུམ་མ་ལོབས་ཀྱི་བར་དུ་ང་དང་ཕྲད་དུ་མ་འོང་ཅིག tāvatte'smākaṃ darśanaṃ na deyam, yāvattrayaḥ piṭakā adhītāḥ a.śa.227kha/210; ཅི་དགྲ་བཅོམ་པ་དྲུག་པོ་འདི་དག་དང་པོ་ཁོ་ན་ནས་དེའི་རིགས་ཅན་ཁོ་ན་དག་ཅིག་ཡིན་ནམ་འོན་ཏེ། ཕྱིས་ཡིན་ཞེ་ན kiṃ punarete ṣaḍarhanta ādita eva tadgotrā bhavanti? atha paścāt abhi.bhā.31kha/990; འོན་ཏེ་བྷ་ར་ཏ་འདོན་པར་བྱེད་པ་ལ་ཡང་དེ་སྐད་དུ་བརྗོད་པར་ནུས་པ་མ་ཡིན་ནམ nanu ca bhāratādhyayane'pi śakyamevaṃ vaktum ta.pa.164kha/783.

    language:
    Sanskrit

nam/ has 5 other terms directly related to it, which are presented here.


Sanskrit:
rajanī, rātra